ཟླ་དང་པོ་ནས་བཅུ་གཅིག་པའི་བར་མྱུར་སྐྱེལ་ལས་འབོར་དུས་མཚུངས་ལས་14.9%འཕར་བ།
གསར་འགོད་པས་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱས་པར། ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་མྱུར་སྐྱེལ་ལས་འབོར་རིམ་རྩིས་བརྒྱབ་ན་དུང་ཕྱུར་1807.4ཟིན་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་13550.6 ཟིན་པ་དེ་དུས་མཚུངས་ལས་7.1%འཕར་ཡོད་པ་རེད།
ཟླ་11པར། གཙོ་གནད་ས་ཁུལ་གྱིས་ཆུ་ཚོད་72ནང་བསྐུར་མ་བསྐུར་ཚད་སྔོན་དཔག་བྱས་ན་86.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་2.4འཕར་ཡོད་པ་རེད།
ས་ཁོངས་འཕེལ་རྒྱས་དེ་བས་དོ་སྙོམས་བྱུང་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར། ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་འབོར་70.7%དང་། 19.8% 9.5%བཅས་སོ་སོར་ཟིན་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་འབོར་བརྒྱ་ཆའི་གྲངས་1.1འཕར་བ་དང་། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་འབོར་བརྒྱ་ཆའི་གྲངས་0.6འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།