དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྔོ་ཁེབས་རྒྱ་ཆེར་བཏང་བ།

    མ་དངུལ་སྒོར་ཁྲི་588.85གྲོང་ཁུལ་དང་སྤྱི་གླིང་གི་སྔོ་འགྱུར་གཡོག་བྱེད་ཐད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    ད་ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁུལ་སྔོ་འགྱུར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་ནས་གྲོང་ཁྱེར་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི་588.85གྲོང་ཁུལ་དང་སྤྱི་གླིང་གི་སྔོ་འགྱུར་གཡོག་བྱེད་ཐད་ཆེད་དུ་སྤྱད་དེ་མ་ལག་ཅན་དང་ཞིབ་ཚགས་ཅན་གྱི་སྲུང་སྐྱོང་བརྒྱུད་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་འདིའི་སྔོ་འགྱུར་མ་དངུལ་གཙོ་བོ་ཁྱབ་ཁོངས་ཆེན་པོ་གཉིས་སུ་སྤྱད་པ་སྟེ། གྲོང་ཁུལ་གྱི་སྔོ་འགྱུར་གཡོག་བྱེད་རྣམ་གྲངས་ལ་སྒོར་ཁྲི་468.95བཏང་བ་དང་སྤྱི་གླིང་གི་སྔོ་འགྱུར་གཡོག་བྱེད་རྣམ་གྲངས་ལ་སྒོར་ཁྲི་119.9བཏང་བ་རེད།

    མིག་སྔའི་བར་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་སྔོ་འགྱུར་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་མ་ཟད། ཚན་པ་ཁག་དང་། ཁུལ་ཆུང་། ཀུང་སི་བཅས་ལ་རིན་མེད་སྡོང་ཕྲུག་སྤྲད་དེ་ཁོངས་གཏོགས་ཁུལ་སྔོ་ལྗང་སྐྲུན་པར་རྒྱབ་སྐྱོར་བྱས་ནས་སྔོ་འགྱུར་གྱི་རྣམ་པ་ལེགས་སུ་བཏང་ཡོད། རིམ་རྩིས་བརྒྱབ་ན་ད་ལོ་གཡོག་བྱེད་ལ་ཆུ་ཐེངས་12བཏང་བ་དང་། རྩྭ་ངན་ཐེངས་6བཀོག་པ། ལུད་ཐེངས་5བརྒྱབ་པ། ཡལ་བཞུར་ཐེངས་14བརྒྱབ་པ། བསྡོམས་སྡོང་ཕྲུག་རྐང་3200ལྷག་ཙམ་ལ་ཡལ་བཞུར་བརྒྱབ་པ་དང་། སྡོང་ཕྲན་རྐང་1500ལྷག་ཙམ་ལ་ཆུ་བཏང་བ། རྩི་ཤིང་གི་ར་བ་སྨི་ངོས་གྲུ་ཁྲི་3.5བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།