གློག་ཤུགས་ལ་འགན་ལེན་གྱིས་དགུན་སྒྲོལ་ཐུབ་པར་བྱེད་པ།

འདི་ནི་རྒྱལ་ཁབ་གློག་དྲ་རྫ་ཡུལ་རྫོང་གློག་འདོན་ཀུང་སིའི་ལས་དོན་པས་གློག་ཤུགས་སྒྱུར་ཆས་ལ་ཚོད་ལྟའི་སྙོམ་སྒྲིག་བྱེད་བཞིན་པ།

འདི་ནི་རྒྱལ་ཁབ་གློག་དྲ་རྫ་ཡུལ་རྫོང་གློག་འདོན་ཀུང་སིའི་ལས་དོན་པས་གློག་སྒྱུར་ཆས་ལ་སྒྱུར་བཀོད་བྱེད་བཞིན་པ།
དགུན་ཁ་གློག་བེད་སྤྱོད་ཀྱི་གནོན་ཤུགས་ཆེན་པོ་ཡོད་པར་ཁ་གཏད་གཅོག་ཆེད། ཉེ་ཆར། རྒྱལ་ཁབ་གློག་དྲ་རྫ་ཡུལ་རྫོང་གློག་འདོན་ཀུང་སིས་རྫ་ཡུལ་རོང་སྟོད་དང་རྫ་ཡུལ་རོང་སྨད་ཀྱི་གློག་སྒྱུར་ས་ཚིགས་ཀྱི་གློག་སྒྱུར་ཆས་གཙོ་བོའི་གཤོང་ཚད་ཆེ་རུ་གཏོང་བའི་སྒྱུར་བཀོད་ལས་དོན་རང་བརྟེན་ལེགས་གྲུབ་ཐོག་མར་བྱས་ཡོད། ད་རེས་ཀྱི་སྒྱུར་བཀོད་ལས་རྫ་ཡུལ་རོང་སྟོད་ཀྱི་གློག་སྒྱུར་ས་ཚིགས་ཀྱི་གློག་སྒྱུར་ཆས་གཙོ་བོའི་གཤོང་ཚད་4000KVAབར་མཐོ་རུ་ཕྱིན་པ་དང་། རྫ་ཡུལ་རོང་སྨད་ཀྱི་གློག་སྒྱུར་ས་ཚིགས་ཀྱི་གློག་སྒྱུར་ཆས་གཙོ་བོའི་གཤོང་ཚད་8000KVAབར་ཆེ་རུ་ཕྱིན་ཏེ་ས་ཁོངས་ཀྱི་གློག་དྲའི་གློག་མཁོ་འདོན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས“དགུན་གློག་སྙོམ་སྒྲིག”རིང་གློག་མཁོ་འདོན་བརྟན་པོ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།
འབྲེལ་ཡོད་གསར་འགྱུར།