དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་རིམ་ཁག་མེ་གསོད་རོགས་སྐྱོབ་སྡེ་ཚན་གྱིས་སྣ་མང་མཉམ་འགུལ་དང་གནད་སྨིན་ཇུས་འདོན་བྱས་ཏེ།

    མེ་ཟོན་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    ཉེ་ཆར། མེ་ཟོན་དྲིལ་བསྒྲགས་ཟླ་བའི་རིང་རང་ལྗོངས་ཀྱི་རིམ་ཁག་མེ་གསོད་རོགས་སྐྱོབ་སྡེ་ཚན་གྱིས་སྡེ་ཚོགས་ཨུ་ལྷན་དང་། སྤྱི་བདེ། དཔལ་འབྱོར་ཆ་འཕྲིན་སོགས་རིམ་ཁག་ལས་རིགས་གཙོ་གཉེར་སྡེ་ཚན་དང་དེ་བཞིན་མེ་གསོད་དང་བླངས་དཔུང་ཁག་དང་མཉམ་དུ་བྱས་ཏེ། སྡེ་ཁུལ་དང་། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་། ཁེ་ལས་སོགས་སུ་བསྐྱོད་ནས་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མེ་ཟོན་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། བྱེད་སྒོས་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་དང་རང་འགོག་རང་སྐྱོབ་ནུས་པ་ཆེ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་སྣ་མང་མཉམ་འགུལ་དང་གནད་སྨིན་ཇུས་འདོན་ལ་བརྟེན་ཏེ། “ཕྱོགས་ཡོངས་ཅན་དང་ཟུར་མང་ཅན”གྱི་དྲིལ་བསྒྲགས་རྣམ་པ་བཏོད་པ་དང་མེ་ཟོན་བདེ་འཇགས་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པར་བྱས་ཡོད།

    སྲང་ལམ་དང་དུད་ཚང་དུ་བསྐྱོད་ནས་ཤེས་བྱ་དྲིལ་བསྒྲགས་ཀྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་གནད་སྨིན་བྱས་ཤིང་། དང་བླངས་པ་དང་མེ་ཟོན་དྲིལ་བསྒྲགས་པའི་ཚོགས་ཆུང་དབྱེ་སྟེ། ཡུལ་མིའི་སྡོད་ཁང་དང་། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་། མང་ཚོགས་ཀྱི་ཁྱིམ་བཅས་སུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ལག་དེབ་དང་། འཕྲལ་སྡོམ་ཉེན་ཟོན་ཕྱོགས་སྟོན། མེ་ཟོན་དྲིལ་བསྒྲགས་ཟླ་བའི་བརྗོད་དོན་གཙོ་བོའི་བརྡ་ཁྱབ་སོགས་ཀྱི་དཔྱད་གཞི་སྤྲོད་པ་དང་། སོལ་རླངས་ཡང་དག་ངང་སྤྱོད་ཐབས་དང་ཤུགས་ཚད་ཆེ་བའི་གློག་ཆས་ཚད་ལྡན་བཀོལ་སྤྱོད་བྱེད་པ། “གཙང་སེལ་གསུམ་དང་ཁ་རྒྱག་པ་གསུམ”སོགས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་གསལ་བཤད་ཞིབ་ཕྲ་བྱས་པ་དང་ཆབས་ཅིག མེ་གསོད་སྒྲིག་བཀོད་ཡག་པོ་ཡོད་མེད་དང་གློག་སྐུད་གང་བྱུང་དུ་ཁྲིད་པ་སོགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱས་ཏེ། ཁུལ་ཆུང་གི་འཛུལ་སྒོ་དང་བར་ཁྱམས་སོགས་མངོན་གསལ་དོད་སར་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བརྡ་ཁྱབ་སྦྱར་ནས་དྲིལ་བསྒྲགས་ཀྱི“མཐའ་མའི་འགག་གནད”བསལ་ཡོད།

    བྱེད་སྒོ་སྤེལ་ཡུལ་དུ་མེ་ཟོན་ཉེན་བརྡའི་འགྲེམས་པང་བཙུགས་ཏེ། རི་མོ་དང་ཡི་གེ་མཉམ་སྒྲིག་གི་ཐོག་ནས་ཉེ་བའི་ལོ་ཤས་རིང་གི་ལྗོངས་ནང་ཁུལ་གྱི་ཁྱིམ་ཚང་གི་མེ་སྐྱོན་དང་གློག་སྒུལ་སྦག་སྦག་གི་མེ་སྐྱོན་སོགས་དཔེ་མཚོན་གྱོད་དཔེ་བསྟན་པ་མ་ཟད། མེ་སྐྱོན་ཐོན་རྐྱེན་དང་། ཤི་རྨས་བྱུང་རྐྱེན། དེ་བཞིན་སྔོན་འགོག་གི་གཙོ་གནད་བཅས་གསལ་པོར་བཀོད་ཡོད།

    རིམ་རྩིས་བརྒྱབ་ན་ད་ཐེངས་ཀྱི་བྱེད་སྒོ་དེ་མང་ཚོགས་མི་ཐེངས་ཁྲི་12ལྷག་ཙམ་ལ་ཁྱབ་ནས་ཁོངས་གཏོགས་ཁུལ་གྱི་ཚོང་དུད་དང་གྲོང་མི་སོགས་ཀྱི་མེ་འགོག་རང་སྐྱོབ་ནུས་པ་མཐོ་རུ་ནུས་ལྡན་ཕྱིན་ཡོད། གོམ་སྟབས་རྗེས་མར་རང་ལྗོངས་ཀྱི་རིམ་ཁག་མེ་གསོད་རོགས་སྐྱོབ་སྡེ་ཚན་གྱིས་བྱེད་སྒོའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། རྒྱུན་རྣམ་ཅན་གྱི་མེ་ཟོན་དྲིལ་བསྒྲགས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། “ཚང་མས་མེ་ཟོན་སྦྱོང་བ་དང་། ཚང་མས་མེ་ཟོན་ལ་དོ་སྣང་། ཚང་མས་བདེ་འཇགས་སྲུང་བ”བཅས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་ནས་དུས་བདེའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།