མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་དར་རྒྱས་ཡོང་བར་རམ་འདེགས་བྱེད།

འདི་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་དེའུ་དམར་སྒྱུ་རྩལ་རྒྱུན་འཛིན་ཆེད་ལས་མཉམ་ལས་ཁང་གི་ལས་མིས་སྤོས་ཆག་རྒྱག་བཞིན་པ།

འདི་ནི་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨྲི་ཏི་ཁ་ཤང་གི་འབྲོག་པས་མཉམ་ལས་ཁང་གི་འཁོར་ཁང་དུ་ལ་ལ་སྐེམ་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མཉམ་ལས་ཁང་ཁག་གིས་ཁྱད་ལྡན་འདེབས་འཛུགས་དང་། སྐྱེ་ཁམས་གསོ་སྤེལ། སྣ་མང་གཉེར་སྐྱོང་བཅས་ལ་དམིགས་ཏེ་ཁ་ཐོར་དུ་གནས་པའི་ཞིང་འབྲོག་དུད་ཚང་གཞི་གཅིག་ཏུ་འགྲིལ་ནས། ལག་རྩལ་མཛུབ་ཁྲིད་གཅིག་གྱུར་དང་། ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་བྱས་པ་བརྒྱུད། ཞིང་ལས་ཁྱད་རྫས་སྤུས་འབྲས་ལེགས་གཉེར་ཐུབ་པ་མ་ཟད། མང་ཚོགས་རྣམས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་ཞིང་ནང་དང་མུ་ཁ་ནས་འབབ་འཕར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།