དངོས་འཛིན་དངོས་སྒྲུབ་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།
གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ནས། སང་ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཡོད། ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་དེ་ང་ཚོས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་ཟབ་གཏོང་། དངོས་འཛིན་དངོས་སྒྲུབ་བཅས་སྔར་བས་ཡག་པོ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
མི་རིང་བའི་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས“ངེས་པར་དུ་ལྔ”ཡི་རྩ་ཆེའི་ཉམས་མྱོང་བཏོན་གནང་བ་དང་། སང་ལོའི་དཔལ་འབྱོར་ལས་དོན་གྱི“མཐའ་འཁྱོངས་བརྒྱད”ཀྱི་གཙོ་གནད་ལས་འགན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་གནང་སྟེ། འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་སྔར་བས་གསལ་འགྲེལ་གནང་ནས་དཔལ་འབྱོར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་བླངས་ཏེ“ངེས་པར་དུ་ལྔ”ཡི་རྩ་ཆེའི་ཉམས་མྱོང་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ལས་འགན་ཁག་གི་ཁྲོད་དུ་དོན་འཁྱོལ་ཡོང་བར་བྱེད་དགོས། ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པར་གོ་བ་གཏིང་ཟབ་བླངས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་ལ་གོ་བ་གཏིང་ཟབ་བླངས་ཏེ་ཚད་གཞི་དང་ཡང་ཡང་བསྡུར་ནས་རེ་རེ་བཞིན་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་དགོས། ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།
བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དྲིན་གཟོའི་བསམ་པ་འཆང་བཞིན་འབད་འབུངས་མདུན་སྐྱོད་བྱས་ན་ཡངས་པའི་ས་མཐོར་འབྲས་བཟང་སྨིན་ངེས་རེད། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཁྲོད་དོན་སྙིང་གལ་ཆེན་ལྡན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ“དོན་ཆེན་བཞིར”བརྒྱུད་རིམ་ལྡན་པའི་ངང་ཇུས་འགོད་དང་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་ནུས་ལྡན་དང་འབོར་ཚད་འཕར་སྣོན་ཡོང་བར་སྐུལ་འདེད་ལུགས་མཐུན་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཡོད། ལོ་ལྔའི་རིང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཉིན་རེ་བཞིན་སྲ་བརྟན་དུ་ཕྱིན་པ། མཐའ་མཚམས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ལེགས་གྲུབ་ཟིན་ཉེར་ཡོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་ཡོད། འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་ཞིག་རེད། ལོ་ལྔའི་རིང་བརྗིད་ཆེའི་ལག་བསྟར་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་གི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་བླངས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་བོད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི“ངེས་པར་དུ་དགུའི”ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གྲུབ་པ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་། ཤེས་རྟོགས་ཀྱི་རྣམ་བཤད་དང་བརྟག་ཐབས་སྨྲ་བ་གཅིག་གྱུར་གྱི་མངོན་གསལ་དོད་པའི་ཁྱད་ཆོས་མངོན་ནས་ང་ཚོས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ཁྲིད་སྟོན་ནུས་ལྡན་བྱས་ཡོད།
འབད་འབུངས་མདུན་སྐྱོད་དང་སླར་ཡང་ཡང་རྩེར་འཛེགས་སྐབས་གངས་ལྗོངས་ཀྱི་བུ་ཕྲུག་དཔའ་སྟོབས་ཀྱིས་ཁེངས་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་སྐས་རིམ་ལྟ་བུའི་འཕེལ་རྒྱས་དང་ཡར་རྒྱས་ཟམ་མི་ཆད་པར་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས་འབད་བརྩོན་ལྷོད་མེད་དང་རྒྱུན་མཐུད་འབད་འཐབ་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ཀྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མགྱོགས་སུ་གཏོང་བའི་འགག་རྩའི་དུས་སྐབས་ཤིག་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། ང་ཚོར་བྱས་རྗེས་དེ་བས་ཆེ་བ་འཇོག་ཐུབ་པའི་གདེང་ཚོད་དང་། ནུས་པ། ཡིད་ཆེས་བཅས་རྦད་དེ་ཡོང་སྲིད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་ངོས་འཛིན་གསལ་པོ་བྱས་ཏེ་དུས་བབ་ཁོང་དུ་ཡང་དག་ཆུད་པ་དང་། ཉེན་ཁ་དང་གོ་སྐབས་གསལ་རྟོགས་སྐྱེན་པོ་ཐུབ་པ། བརྟན་པོ་དང་མདུན་སྐྱོད་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཐེངས་འདིའི་ཚོགས་འདུའི་ཐོག་གཏན་ལ་འཁེལ་བའི་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ལ་དམིགས་པ་དང་ཤུགས་རྒྱག་པ། དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས།
འགོ་ཡག་པོ་འཛུགས་པ་གོམ་པ་ཡག་པོ་སྤོ་དགོས་ན་ངེས་པར་དུ་གཙོ་གནད་འབུར་དུ་ཐོན་པ་དང་། འགག་རྩ་ཁོང་དུ་ཆུད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བཅས་བྱེད་དགོས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་མ་འཇོག་དང་འཛད་སྤྱོད་གལ་ཆེ་མཉམ་བརྩི་མཐའ་འཁྱོངས་བྱས་ཏེ་ནུས་ལྡན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། སྒྱུར་བཅོས་འགག་སྒྲོལ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས་པ། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་སྔར་བས་ལྷག་པར་འགན་ལེན་དང་ལེགས་སུ་གཏོང་དགོས་པ། མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་ས་ཁོངས་མཉམ་འགུལ་ལ་སྐུལ་འདེད་གཏོང་དགོས་པ། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཕྱོགས་བདུན་ལ་བརྒྱུད་རིམ་ལྡན་ཞིང་ཕྱོགས་ཡོངས་དང་སྤྱི་ཡོངས་ནས་སྐུལ་འདེད་བཏང་ཡོད་ལ་ད་དུང་གཙོ་གནད་འབུར་དུ་ཐོན་པ་དང་དམིགས་འབེན་གནད་འཁེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀོད་ཇུས་བཟོས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལས་ཀའི་ཇུས་བཀོད་དང་ལས་འགན་ཡི་གེ་མཁོ་འདོན་ཡང་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་སྤྱི་འདོམས་བྱས་ནས་དོན་འཁྱོལ་ཡོང་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་འགན་འཁྲི་གསར་པ་འཁུར་བ་དང་། བྱས་རྗེས་གསར་པ་འཇོག་པ། ལེགས་སྐྱེས་གསར་པ་འབུལ་བ་བཅས་ཧུར་ཐག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།