དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་གེགས་མེད་སྒྱུར་བཀོད་རྣམ་གྲངས་ལས་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ཆིག་སྟོང་ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-19

    “ཏང་གི་སྲིད་ཇུས་བཟང་པོ་ལས་ང་ཚོའི་འཚོ་བར་སྔར་བས་རེ་བས་ཁེངས་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ད་ལོ་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་གེགས་མེད་སྒྱུར་བཀོད་རྣམ་གྲངས་ཀྱི་གནད་སྨིན་རོགས་སྐྱོར་འོག ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གི་རིམ་པ་གཉིས་པའི་དབང་པོ་སྐྱོན་ཅན་ཆུང་བདག་ཁྱིམ་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། དེ་སྔའི་གསང་སྤྱོད་དེ་གཟུགས་པོ་འཁྲུད་ས་དང་གསང་སྤྱོད་ཉིས་ལྡན་གྱི་དེང་རབས་ཅན་གྱི་གེགས་མེད་གསང་སྤྱོད་དུ་བསྒྱུར་པ་མ་ཟད། ད་དུང་ཐབ་ཚང་དུ་ཡང་ཆ་སྒམ་དང་བང་ཁྲི་སོགས་སྒྲིག་ཡོད།

    གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་དུད་ཚང་རེར་སྒོར་ཁྲི་3.5ཡི་ཚད་གཞི་ལྟར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་གེགས་མེད་སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་ཞིང་། མིག་སྔའི་བར་དུད་ཚང་714ཡི་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་ཚད་བརྒལ་བྱས་པ་དང་། དུད་ཚང་1253ལ་དངོས་སུ་སྒྱུར་བཀོད་བྱས་ནས་ལེགས་སྒྲུབ་ཐུབ་ཚད་175.5%ཟིན་ཏེ་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་95%ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།