ལྷ་སའི་མལ་གྲོ་གུང་དཀར་རྫོང་གིས་ནས་བཙོངས་པའི་ཁ་གསབ་སྒོར་ཁྲི་30.7ལྷག་ཙམ་སྤྲད་པ།
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་ཉིན་ཤས་བསྟུད་མར་ནས་བཙོངས་པའི་ཁ་གསབ་སྤྲོད་པའི་ལས་དོན་ཏན་ཏིག་སྤེལ་ཞིང་། ད་བར་རྫོང་དེས་ནས་ཏུན་603.93བཙོངས་ནས་ཁ་གསབ་སྒོར་ཁྲི་30.7སྤྲད་དེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་353.33ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ནས་བཙོངས་པའི་ཁ་གསབ་སྲིད་ཇུས་ཐད་ཀར་ལོངས་སྤྱོད་ཐུབ་པར་བྱ་ཆེད། མལ་གྲོ་གུང་དཀར་རྫོང་གི་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱིས་ཆེད་དོན་ལམ་སྲོལ་བཙུགས་ནས་ལྷ་ས་གྲོང་ཁྱེར་གྱིས་རྒྱ་མ་རེར་ཁ་གསབ་སྒོར་0.3སྤྲོད་པའི་རྨང་གཞིའི་ཐོག་རྫོང་རིམ་པས་ཁ་གསབ་སྒོར་0.2མང་དུ་བཏང་ནས་རྒྱ་མ་རེར་སྒོར་0.5བར་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་ཆེད་དོན་ཚན་ཁག་བཙུགས་ནས་ཁེ་ལས་དང་མཉམ་ལས་ཁང་དང་སྦྲེལ་མཐུད་བྱས་ཏེ་ནས་ཐོན་སྐྱེད་དང་ཕྱིར་ཚོང་གི་འབྲེལ་ཟམ་བཙུགས་པ་རེད།
འབྲེལ་ཡོད་གསར་འགྱུར།