དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ཁྲི་350ཙམ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-18

    ཚེས་15ཉིན། གསར་འགོད་པས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་འཚོགས་པའི་དང་བླངས་ཞབས་ཞུའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། མིག་སྔར་རྒྱལ་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ཁོངས་གཏོགས་སུ་ཐོ་འགོད་བྱས་པའི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ཁྲི་350ཙམ་དང་། རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཞབས་ཞུའི་རྩ་འཛུགས་ཁྲི་3.4 ཀྲུང་གོའི་ཁྲག་བཟོའི་ཕྲ་ཕུང་ཨ་མ་ཞལ་འདེབས་རྒྱག་མཁན་དང་བླངས་པ་ཁྲི་372 སྐུ་ཕུང་གི་དབང་པོ་ཞལ་འདེབས་རྒྱག་མཁན་དང་བླངས་པ་ཁྲི་728བཅས་ཡོད་པ་རེད། དང་བླངས་པ་དང་དང་བླངས་ཞབས་ཞུའི་རྩ་འཛུགས་དག་ལོ་ལྟར་གྲོང་ཁྱེར་དང་གྲོང་གསེབ་ཏུ་བསྐྱོད་དེ་མི་ཆོས་ལས་དོན་གྱི་འཐབ་ས་དང་པོར་འབད་བརྩོན་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་དང་། མི་སེར་གྱི་དམངས་འཚོ། སྤྱི་ཚོགས་བཅོས་སྐྱོང་སོགས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།