བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་སྤྱོད་དབང་ཆའི་ཉོ་ཚོང་ཐོག་མ་ལམ་ལྷོངས་བྱུང་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཆུ་བེད་ཅུས་དང་སྤོ་བོ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་དབར་ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་སྤྱོད་དབང་ཆའི་ཉོ་ཚོང་ཐོག་མ་ལམ་ལྷོངས་བྱུང་བ་རེད། ད་ཐེངས་ཀྱི་ཉོ་ཚོང་དེ་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་མཛུབ་ཁྲིད་འོག་རྒྱལ་ཁབ་ཀྱི་ཆུའི་དབང་ཆ་ཉོ་ཚོང་ལས་སྟེགས་ལ་བརྟེན་ནས་ཚོད་སྡོམ་ར་སྤྲོད་བྱུང་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་ཆུའི་དབང་ཆ་ཉོ་ཚོང་ལག་ལེན་ཐད་གྲུབ་འབྲས་ཐོན་པའི་དཔེ་མཚོན་ཐོག་མ་མཁོ་འདོན་བྱས་ཡོད།
ད་ཐེངས་ཀྱི་ཆུ་སྤྱོད་དབང་ཆའི་ཉོ་ཚོང་ལམ་ལྷོངས་བྱུང་བ་ལས་ཁྲོམ་ར་ཅན་གྱི་བྱ་ཐབས་ཐོག་ནས་མེ་ཏོག་རྫོང་གི་ཆུའི་ཐོན་ཁུངས་ལྷག་མ་ཕན་སྒྱུར་བྱུང་བ་དང་། “དམིགས་ཚད་ལྷག་མ་ཕན་སྒྱུར་དང་། ས་ཁོངས་བསྒྲལ་ནས་བཀོད་སྒྲིག གཙོ་གནད་དགོས་མཁོ་འགན་ལེན”བཅས་ཀྱི་གདུབ་ཟུམ་ལམ་སྲོལ་མངོན་འགྱུར་བྱུང་བས། ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་སྤྱོད་དབང་ཆའི་ཉོ་ཚོང་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་པ་མ་ཟད། རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཀྱི་ཆུ་སྤྱོད་ལ་དེ་བས་ཞབས་འདེགས་ཞུས་པ་དང་སྤོ་བོ་རྫོང་གི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་ཆུའི་ཐོན་ཁུངས་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།