པེ་ཅིང་སྦྲག་གློག་སློབ་ཆེན་དང་ལྷོ་ཨ་ཧྥེ་རི་ཁའི་མཐོ་སློབ་དབར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ།
“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐོ་སློབ་ཀྱི་སློབ་གྲྭ་བརྒྱའི་མཉམ་ལས་འཆར་གཞི”སོགས་མཉམ་ལས་ལམ་སྲོལ་དོན་འཁྱོལ་བྱ་ཆེད། ཉེ་ཆར། པེ་ཅིང་སྦྲག་གློག་སློབ་ཆེན་གྱི་འཐུས་མི་ཚོགས་པས་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲི་བྱས་ནས་ལྷོ་ཨ་ཧྥེ་རི་ཁའི་ཚི་ཝ་ཉི་ཚན་རྩལ་སློབ་ཆེན་དང་གཡོད་ཧན་ནེ་སི་པའོ་སློབ་ཆེན་སོགས་མཐོ་སློབ་དང་སྤེལ་རེས་གྲོས་བསྡུར་བྱས་པ་མ་ཟད། འབྲེལ་ཡོད་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
དེ་ནི་པེ་ཅིང་སྦྲག་གློག་སློབ་ཆེན་གྱིས་ཚོགས་པ་མངགས་ནས་ལྷོ་ཨ་ཧྥེ་རི་ཁར་འཚམས་འདྲིར་སྐྱོད་ཐེངས་དང་པོ་ཡིན་ཞིང་། ཚི་ཝ་ཉི་ཚན་རྩལ་སློབ་ཆེན་ལ་འཚམས་འདྲི་བྱེད་རིང་པེ་ཅིང་སྦྲག་གློག་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཤུས་མེ་དང་ཚི་ཝ་ཉི་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་ཏི་ཉི་དབྱི་ཁོ·མཱ་ལུའུ་ལའེ་ཁེ་དབར་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་པོས་གྲངས་འཛིན་སློབ་གསོ་གསར་གཏོད་འཕེལ་རྒྱས་དང་། རྒྱལ་སྤྱིའི་རྒྱ་ཡིག་སློབ་གསོ། རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་སོགས་གྲོས་གཞིར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་དང་འབྲེལ་མཉམ་ལས་གྲོས་མཐུན་མང་པོར་མིང་རྟགས་བཀོད་པ་རེད།
གཡོད་ཧན་ནེ་སི་པའོ་སློབ་ཆེན་ལ་འཚམས་འདྲི་བྱེད་རིང་། སློབ་གྲྭ་གཉིས་ཀྱིས་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཐོན་སློབ་ཞིབ་གསུམ་ལ་ཕྱོགས་ནས་མཉམ་ལས་གཏིང་ཟབ་དང་། གྲངས་འཛིན་ལག་རྩལ་དང་རིག་གནས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་ཀྱིས་སློབ་གསོ་གསར་གཏོད་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་སོགས་ཐད་བགྲོ་གླེང་བྱས་པ་དང་འབྲེལ་སློབ་གྲྭ་གཉིས་དབར་གྱི་མཉམ་ལས་དྲན་ཐོ་དང་སློབ་མ་བརྗེ་རེས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།
འབྲེལ་ཡོད་གསར་འགྱུར།