ཀྲུང་གོའི་འཐུས་མི་ཚོགས་པས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་འདུ་སྐབས་བཅུ་གཅིག་པར་ཞུགས་པ།
ཟླ་12ཚེས་15ཉིན། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་འདུ་སྐབས་བཅུ་གཅིག་པ་ཁ་ཐར་གྱི་རྒྱལ་ས་ཏེ་ཧ་རུ་འགོ་ཚུགས་ཤིང་། ཀྲུང་གོའི་འཐུས་མི་ཚོགས་པའི་ཚོགས་གཙོ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཧྭ་ཁྲུན་དབྱིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད།
ཧྭ་ཁྲུན་དབྱིང་གིས་གཏམ་བཤད་ནང་བརྗོད་དོན། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་དར་ཆ་གསལ་སྟོན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་དེ་ཉིད་ལོ་བརྒྱའི་ཏང་ཆེན་ཞིག་ཡིན་པའི་ངོས་ནས་དུས་ཡུན་རིང་པོའི་སྲིད་སྐྱོང་གི་ཉམས་མྱོང་གལ་ཆེན་ཞིག་ནི་རྒྱུན་སྲིང་ལྷོད་མེད་ངང་ཕྱོཌ་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དེ་ཡིན། ཀྲུང་གོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། མི་དམངས་མང་ཚོཌ་ཀྱི་སེམས་གཏིང་གི་བརྩི་བཀུར་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོས་ཏེ། ངན་རུལ་གཉམ་བཤེར་མཉམ་བཅོས་མཐའ་འཁྱོངས་ཀྱིས་རུལ་སུངས་ཐོན་སླ་བའི་ཁོར་ཡུག་དང་ཆ་རྐྱེན་ཧུར་ཐག་མེད་པར་བཟོས་ཡོད། གཏན་འབེབས་དོན་ཚན་བརྒྱད་དེ་ཉིད་ཀྲུང་གོ་གུང་ཁྲན་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི“གསེར་གྱི་མིང་བྱང”དུ་གྱུར་ཞིང་། སྤྱོད་གཙང་དང་། དྲང་གཞག ཡིད་རྟོན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དེའི་དོན་སྙིང་དང་རིན་ཐང་ཉིན་རེ་བཞིན་རྒྱལ་མཚམས་ཀྱི་བཀག་རྒྱ་ལས་སྒྲོལ་བཞིན་ཡོད། སང་ལོ་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་གི་འགན་འཁུར་རྒྱུ་ཡིན་ཞིང་། སྐབས་དེ་དུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཚོགས་འདུ་རབ་དང་རིམ་པ་འཚོག་རྒྱུ་ཡིན་པས། ཕྱོགས་ཁག་གིས་ཧུར་ཐག་ཞུགས་ནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགའ་བསུ་ཞུ་གི་ཡིན།
ཧྭ་ཁྲུན་དབྱིང་གིས་བརྗོད་དོན། དེང་གི་འཛམ་གླིང་ལ་འགྲན་སློང་སྣ་ཚོགས་འཕྲད་བཞིན་ཡོད་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ནང་གི“མཐའ་འཁྱོངས་ལྔ”ཡི་ལྟེ་བའི་འདུ་ཤེས་ལས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་བློ་སྒོ་ནུས་ལྡན་ཕྱེ་ཡོད། བདག་དབང་འདྲ་མཉམ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་། ཕྱོགས་མང་རིང་ལུགས། མི་རྩ་བར་འཛིན་པ། ཕན་འབྲས་དོན་གཉེར་བཅས་མཐའ་འཁྱོངས་ཀྱིས་བསམ་པ་རྣམ་དག་དང་ཀུན་སློང་བཟང་པོའི་སྒོ་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》ཀྱི་འོས་འགན་ལག་ལེན་བསྟར་ནས། བྲོས་བྱོལ་པ་དང་ནག་དངུལ་བདའ་འདེད་ལ་དམིགས་ཏེ། མྱུར་ལ་སྟབས་བདེ་བ་དང་ནུས་ཕྱོད་ཆེ་བའི་དངོས་སྒྲུབ་མཉམ་ལས་ཐབས་ལམ་གཏོད་པ་དང་ཁ་གང་རུང་གཡར་ནས་རུལ་སུངས་ནག་ཉེས་ལ“གབ་ས”མཁོ་འདོན་མི་བྱེད་པར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་འཛུགས་པར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།