དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་དངོས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-18

    ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་ལས་སྒྲུབ་སྟབས་བདེར་དམིགས་ནས། སྲིད་དོན་ཞབས་ཞུ་དང་། ཁེ་ལས་ལ་ཞབས་ཞུ། ཡིད་རྟོན་ཁྲིམས་སྐྱོང་འཛུགས་སྐྲུན། དངུལ་རྩའི་རྒྱབ་སྐྱོར་བཅས་ཕྱོགས་བཞིའི་ཐད་ནས་བྱེད་ཐབས་དངོས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད།

    སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བའི་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་ལས་སྒྲུབ་བརྒྱུད་རིམ་རྒྱུན་མཐུད་ལེགས་སུ་བཏང་ཡོད། ད་ལོ་ནས་བཟུང་། དོན་དག་ཁག་36“རོགས་སྒྲུབ་ཚབ་སྒྲུབ”ཀྱི་ཞབས་ཞུའི་ཁྱབ་ཁོངས་སུ་བཅུག་པ་དང་། རིམ་རྩིས་བརྒྱབ་ན་འབྲེལ་ཡོད་དོན་དག་ཁག་4100ལྷག་ཙམ་བསྒྲུབས་པ། ཟ་ཁང་གཉེར་སྐྱོང་དང་ཁེ་ལས་སྒྱུར་བ་སོགས“དོན་དག་གཅིག”གི་འདུས་གྲུབ་ཞབས་ཞུ་29སྒྲུབ་པ། དྲ་ཐོག་དང་དྲ་ཕྱི་ནས་རིམ་རྩིས་བརྒྱབ་ན་དོན་དག་ཁྲི་8.9གཉེར་བ། གྲོང་ཁྱེར་རིམ་པ་དེ་གའི་དོན་དག616གཉེར་བའི་ནང“ཞུགས་དགོས་རིགས་ངེས་པར་ཞུགས་པའི”དོན་དག་ཁག་524སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་བཅུག་ནས་བཅུག་ཚད་92%ཟིན་ཡོད། དེའི་ནང་དོན་དག་298ལ“མང་ཤོས་ཐེངས་གཅིག་རྒྱུག་པ”མངོན་འགྱུར་ཐུབ་ནས་ལས་སྒྲུབ་ལས་ཆོད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    དངུལ་རྩའི་ཞབས་ཞུའི་འགན་སྲུང་གནད་སྨིན་ནུས་ལྡན་བྱུང་ཞིང་། “དངུལ་བུན་ཐོག་མ་སྐྱེད་སྲིང་གི་བྱ་སྤྱོད”སྤེལ་ནས་ཁེ་ལས་297ལ་དངུལ་བུན་ཐོག་མ་སྒོར་དུང་ཕྱུར་33.04བཏང་བ་དང་། “རིག་ལྡན་ཕྱུགས་ལས་དངུལ་བུན”དང“དངུལ་ཁང+ཁག་ཐེག”གི་ཡིད་རྟོན་གཙང་མའི་དངུལ་བུན་སོགས་ཀྱི་ཐོན་རྫས་གསར་གཏོད་ངང་བཏོན་ཏེ། ཁག་ཐེག་སྒྲིག་གཞིས་རིམ་རྩིས་བརྒྱབ་ན་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ལས་སྒོ་901བདག་སྤྲོད་བྱས་པ་དང་ཁག་ཐེག་བྱེད་བཞིན་པའི་ལྷག་གྲངས་སྒོར་དུང་ཕྱུར་3.61ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།