དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-18

    དུས་ཡུན་གཟའ་འཁོར་གཅིག་གི་གསོ་སྦྱོང་དང་འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། ཚེས་14ཉིན་གྱི་སྔ་དྲོར། གུང་གཞོན་སྡེ་ཚོགས་ཉིང་ཁྲི་གྲོང་ཨུད་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་དང“དྲ་རྒྱའི་བརྡར་པའི”ངོམ་སྟོན་བྱེད་སྒོ་ཐེངས་དྲུག་པ་བྲག་ཡིབ་ཆུས་སུ་མཇུག་འགྲིལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོས“འགྲན་བསྡུར་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ངོམ་སྟོན་ལ་བརྟེན་ནས་དྲིལ་བསྒྲགས་ལ་སྐུལ་འདེད་གཏོང་བ”མཐའ་འཁྱོངས་བྱས་ཏེ་གཅིག་སྡུད་གསོ་སྦྱོང་དང་དངོས་འཐབ་འགྲན་བསྡུར་གྱི་ཚན་པ་གཉིས་སུ་ཕྱེ་ཡོད། ཚན་པ་དེ་གཉིས་གཅིག་ལ་གཅིག་བརྟེན་གྱིས་སྤེལ་དོན་ནི་རྩལ་ནུས་གསོ་སྦྱོང་དང་། རྣམ་གྲངས་སྐྱོང་གསོ། ཐོན་ཁུངས་སྦྲེལ་མཐུད། སྤུས་རྟགས་ཁྱབ་གདལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་བསྐྲུན་པ་དང་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཏེ“གྲངས་འཛིན་ཉིང་ཁྲི”འཛུགས་སྐྲུན་ཆེད་གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་དང་གསོག་འཇོག་བྱེད་ཆེད་རེད། བྱེད་སྒོར་ཐེམ་ཁོངས་ཉིང་ཁྲི་ནས་ཡིན་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་ཆེན་སློབ་མ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ། ས་གནས་དེ་གའི་དྲ་རྒྱའི་བརྡར་པ་སོགས་བསྡོམས་མི་གྲངས་50དེའི་ནང་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།