ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གི་སྤོས་ཐོན་ལས་གླིང་།
དྲ་ཚོང་ལས་སྤོས་ཀྱི་གསོན་ཤུགས་འཕེལ།
ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སྤོས་ཐོན་ལས་གླིང་ནས་ཤེས་རྟོགས་བྱུང་བར། ཐོན་ལས་གླིང་གིས“ཏང་ཨུད་ཀྱིས་གཅིག་འདོམས་སྣེ་ཁྲིད་དང་། ཁེ་ལས་ཀྱིས་མཉམ་ལས་གཉེར་སྐྱོང་། མི་སེར་ཧུར་ཐག་ཞུགས་པ”བཅས་ཀྱི་གསར་གཏོད་བྱ་ཐབས་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སྤོས་བཟོའི་ལག་ཤེས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དེང་རབས་ཅན་གྱི་སྤོས་ཀྱི་ཐོན་ལས་རྟེན་གཞི་བདེ་བླག་བསྐྲུན་པས་དེ་ཉིད་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
ཐོན་ལས་གླིང་དུ་བཅའ་སྡོད་བྱེད་མཁན་ཁེ་ལས་ཏེ་བོད་ལྗོངས་དྲི་ཞིམ་ལས་རིགས་ཚད་ཡོད་ཀུང་སི་2015ལོར་བཙུགས་ཚུན་སྲོལ་རྒྱུན་གྱི་ལག་ཤེས་སྤོས་བཟོ་རྒྱུར་བློ་རྩེ་གཅིག་སྒྲིམ་གྱིས་གཞོལ་ཡོད། ཀུང་སིའི་བྲིན་ཚོང་འགན་འཁུར་བ་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་དང་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིའི་རྒྱབ་སྐྱོར་འོག ཀུང་སི་དེ་བཟོ་ཁང་རྣམ་པའི་ཐོན་སྐྱེད་ནས་བཟོ་གྲྭ་ཅན་གྱི་གཞི་ཁྱོན་དུ་ཕྱོགས་སྒྱུར་ཐུབ་ཡོད། སྤོས་ཀྱི་སྦྱོར་རྟ་དེ་སྔའི་སྣ་ཁ་17ནས་27བར་མང་དུ་ཕྱིན་པ་དང་ཐོན་རྫས་གསར་པ་ཞིབ་སྤེལ་བྱས་པ་དང་བསྟུན་ནས་ལས་ཞུགས་ལས་གནས་30ནས་50བར་མང་དུ་ཕྱིན་ཡོད་པ་རེད།
2024ལོར་དྲ་ཐོག་ནས་བྲིན་ཚོང་བྱས་པས། ཀུང་སི་དེར་གྲུབ་འབྲས་གཟེངས་སུ་ཐོབ་ནས་ལོ་ཕྱེད་ཁོ་ནར་དྲ་ཐོག་ཏུ་བྲིན་ཚོང་དངུལ་འབོར་སྒོར་ཁྲི་360བྱུང་ཡོད། དྲ་ཚོང་ལས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད་ལ། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་འདིར་སྐྱེ་སྟོབས་གསར་པ་རྒྱས་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།