《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལག་ལེན་དཔེ་མཚོན་བདམས་བསྒྲིགས(2024ལོ)》ནང་མགོ་ལོག་ཀྲོའུ་ཡི་བོད་བརྒྱུད་ནང་བསྟན་གྱི་དོ་དམ་ཉམས་མྱོང་ཞེས་པ་ཚུད་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། 《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལག་ལེན་དཔེ་མཚོན་བདམས་བསྒྲིགས(2024ལོ)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། དེབ་དེའི་ནང་དཔེ་མཚོན་45ཡོད་པ་ལས། 《“ལྟེ་མཐུན་སྒོར་དབྱིབས”ཆེ་ཤོས་ཡག་པོ་བྲིས་ནས་འབད་དབུངས་ཆེན་པོས“ལྟེ་བར་ཕྱོགས་ཤུགས”གཅིག་ཏུ་སྒྲིལ་ཞེས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་པ》ཞེས་པ་དེ་བོད་བརྒྱུད་ནང་བསྟན་དོ་དམ་གྱི་སྔོན་ཐོན་ཉམས་མྱོང་འབའ་ཞིག་ལ་བརྩིས་ནས་དཔེ་མཚོན་གྱི་ཁོངས་སུ་བདམས་ཡོད། མགོ་ལོག་ཀྲོའུ་ཡི་བོད་བརྒྱུད་ནང་བསྟན་གྱི་དོ་དམ་ཉམས་མྱོང་ལས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པའི་མཚོ་སྔོན་གྱི་གསོན་ཉམས་དོད་པའི་ལག་ལེན་མངོན་གྱི་ཡོད།
《ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ལག་ལེན་དཔེ་མཚོན་བདམས་བསྒྲིགས(2024ལོ)》ཞེས་པ་རྩོམ་སྒྲིག་བྱེད་མཁན་གྱིས་ངོས་འཛིན་བྱས་པར། ཉེ་བའི་ལོ་ཤས་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་པ། བསམ་བློའི་སྣེ་ཁྲིད་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། སྲོལ་གསར་དར་སྤེལ། རིག་གནས་ཁྱབ་སྤེལ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ།“སྟོན་ཕྱོགས”ཀྱི་ཡང་དག་པའི་རྣམ་འགྱུར་འཛིན་སྟངས་དང་། ཁ་ཕྱོགས། ཐབས་ལམ་བཅས་མཐའ་འཁྱོངས་བྱས་པ། དམངས་སེམས་གཅིག་མཐུན་ཡོང་བ་དང་། མི་སེམས་དྲོ་བར་བྱེད་པ། སེམས་པ་གཅིག་ཏུ་མཐུན་པ་བཅས་ལ་ཤུགས་རྒྱག་པར་མཐོང་ཆེན་བྱས་པ་དང་བྱ་ཐབས་ངོ་མ་བཏོན་པས། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ཞིབ་ཕྲའི་ལག་ལེན་ཁྲོད་གྲུབ་འབྲས་གསར་པ་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།