དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ས་མཐོའི་སྤུས་ལེགས་ཐོན་རྫས་ཤང་ཀང་དུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཤན་ཀན།   |     སྤེལ་དུས།  2025-12-17

    5100བོད་ལྗོངས་འཁྱགས་རོམ་གཏེར་ཆུ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནས་ཐུམ་སྒྲིལ་བརྒྱབ་ཟིན་པའི་གཏེར་ཆུའི་སྒམ་རེ་རེ་བཞིན་ལྷ་ས་འགག་སྒོ་ལས་ཁུངས་ཀྱི“སྡེབ་གཅིག་ཞིབ་བཤེར(ནད་ཡམས་བརྟག་བཤེར)”བརྒྱུད་རྒྱང་རིང་གི་གཏོགས་ཁོངས་ཞིབ་བཤེར་ལེགས་གྲུབ་ཟིན་ཏེ་ཤང་ཀང་དུ་གཏོང་འགོ་ཚུགས་ཤིང་། གངས་ལྗོངས་ས་མཐོའི་གཏེར་ཆུ་དེས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་བོད་ལྗོངས་དང་ཤང་ཀང་གི་དཔལ་འབྱོར་ཚོང་དོན་མཉམ་འགུལ་གསོན་ཉམས་དོད་པོས་མཚོན་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་རང་སྐྱོང་ལྗོངས་དང་ཤང་ཀང་དབར་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.88ཟིན་པ་དང་། “བོད་ལྗོངས་རྟགས་ཅན”གྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་གཙོ་ཤུགས་སུ་གྱུར་ཡོད། ཤང་ཀང་འགག་སྒོ་ནས་ནང་འདྲེན་བྱས་པའི་དྲི་ཞིམ་རྫས་དང་མཛེས་རྫས་སོགས་ཀྱང་གཞུང་ལམ་དང་མཁའ་ལམ་བརྒྱུད་དེ་ས་མཐོར་སླེབས་ཡོད།

    “ཤང་ཀང་གི་བརྒྱུད་ཚོང་དྲ་རྒྱ་དང་། རྒྱལ་སྒྲོལ་དངུལ་རྩའི་ཞབས་ཞུ། དེ་བཞིན་རྒྱལ་སྤྱིའི་ཁྲོམ་རའི་ཁྱབ་གདལ་ཉམས་མྱོང་བཅས་ལས་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་འགོ་འཛུགས་ཕྱི་བ་དང་ཐབས་ལམ་ཉུང་བའི་ཞན་ཆ་སེལ་ཐུབ་ཡོད་ཅིང་། བོད་ལ་ཡོད་པའི་བསྐྱར་བཟོ་མི་ཐུབ་པའི་ཁྱད་ལྡན་ཐོན་ཁུངས་ཏེ་ཇ་ལོ་དང་། རྒུན་འབྲུམ་ཨ་རག བོད་ཕག ར་མོ་ཤག་ཆེན། ཐང་ག་སོགས་ལ་འཛད་སྤྱོད་ཁྲོམ་ར་དང་ཚོང་དོན་དགོས་མཁོ་དང་འཚམ་པའི་སྤུས་ཚད་ཀྱི་རྨང་གཞི་ལྡན་ཡོད”ཅེས་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ཝང་ཧུང་ཧན་གྱིས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཤང་ཀང་གི་ཞིམ་ཟས་འགྲེམས་ཚོགས་དང་བོད་ཀྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་སོགས་ཐབས་ལམ་སྣ་མང་ལ་བརྟེན་ནས“བོད་ལྗོངས་རྟགས་ཅན”གྱི་ཐོན་རྫས་ལ་ཤང་ཀང་གི་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ཡོད། 2024ལོར་ཆབ་མདོའི་རྒུན་འབྲུམ་ཨ་རག་དང་ནག་ཆུའི་དབྱར་རྩྭ་དགུན་འབུ་སོགས་ཀྱི་ཐོན་རྫས་ཤང་ཀང་གི་ཁྲོམ་རར་ཐོག་མར་བཏོན་ཞིང་། “ཕྱིར་གཏོང་བྱེད་ཚད་མང་པོ་མེད་ཀྱང་དེ་ནི་ཁྲོམ་ར་གསར་འབྱེད་ཀྱི་ཚོད་ལྟ་གལ་ཆེན་ཞིག་རེད”ཅེས་བོད་ལྗོངས་གྲང་ཀུང་ཧུང་ཐེན་ལུའུ་ཨ་རག་བཟོ་གྲྭ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་ལས་སྒོའི་འགན་འཁུར་བ་ཀྲོའུ་ཀྲི་ཅེ་ཡིས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཞིབ་བཤེར་དང་རིམས་ནད་བརྟག་བཤེར་ལག་ཁྱེར་དྲ་ཐོག་ནས་གཉེར་བ་སོགས་སྟབས་བདེ་ཅན་གྱི་བྱེད་ཐབས་གཏིང་ཟབ་སྤྱད་དེ་ཐོན་རྫས་སྐྱེལ་འདྲེན་དང་། འབེབས་འཇུག རྒྱལ་མཚམས་སྒྲོལ་བ་བཅས་ཀྱི་ལྷུ་ཚིགས་ཁག་ལེགས་སུ་བཏང་ནས། ཕྱིར་གཏོང་ཐོན་རྫས་དོས་སྒམ་བརྗེ་མི་དགོས་པར་དབོར་བ་དང་མཉམ་འགུལ་ལྟ་འདོམས་ཐུབ་ཡོད། རྒྱལ་ཡོངས་ཀྱི་གཏེར་ཆུའི“སྡེབ་གཅིག་ཞིབ་བཤེར(རིམས་ནད་བརྟག་བཤེར)”གྱི་ཕྱིར་གཏོང་ཚོད་ལྟ་ཐོག་མར་བྱས་ནས། དེ་སྔའི“ལམ་ཚད་ཆུ་ཚོད་6དང་ཞིབ་བཤེར་གཟའ་འཁོར་གཅིག་ཟུང་འབྲེལ”གྱི་དུས་ཡུན་དེ་སྐར་མ་6ཙམ་ལ་ཐུང་དུ་བཏང་བས་ཁེ་ལས་ཀྱི་དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཕྱོད་70%ཙམ་མཐོ་རུ་ཕྱིན་ཡོད་པ་རེད།

    དཔལ་འབྱོར་ཚོང་དོན་གྱི་ཚ་རླབས་འཕྱུར་བ་ལས་མི་སྣ་འགྲོ་འོང་གི་བགྲོད་ལམ་སྔར་བས་ཤར་བགྲོད་ཐུབ་རྒྱུར་སྐུལ་འདེད་ཐུབ་ཡོད། ད་ལོའི་ཟླ་2ཚེས་19ཉིན“ལྷ་ས་ནས་ཁྲེང་ཏུའུ་ཐེན་ཧྥུའུ་བརྒྱུད་ཤང་ཀང་བར”གྱི་ས་ཁུལ་གྱི་མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱས་ཡོད། “འགྲུལ་སྐྱེལ་གྱི་དགོས་མཁོ་འཕར་ན། ང་ཚོའི་ཞབས་ཞུའང་དེ་དང་བསྟུན་ཐུབ་པ་དགོས། འགག་སྒོ་ལས་ཁུངས་ཀྱིས་འགྲུལ་པའི་འགག་སྒོ་སྒྲོལ་བའི་ཉམས་ལེན་མུ་མཐུད་ལེགས་སུ་གཏོང་བཞིན་ཡོད”ཅེས་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཁོངས་གཏོགས་ལྷ་ས་གོང་དཀར་གནམ་ཐང་གི་འགག་སྒོའི་ཀོན་ཀྲང་ལི་ཧྲི་སེན་གྱིས་བརྗོད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཁའ་ལམ་དེ་བརྒྱུད་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་མི་ཐེངས་5730ཟིན་ཡོད་པ་རེད།

    ད་ཆ་ས་མཐོའི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་སྟབས་བདེའི་བགྲོད་ལམ་བརྒྱུད་ཤང་ཀང་དུ་གཏོང་བཞིན་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་རྒྱལ་མཚམས་སྒྲོལ་བའི་མཁའ་འགྲུལ་ཟོག་འདྲེན་དང་ཁྱད་ལྡན་ཐོན་རྫས་ཚོང་དོན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ཏེ། བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཆེད་གསོན་ཤུགས་རྒྱུན་མི་ཆད་པ་སྣོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།