དུས་ཐེངས་གཉིས་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཤེས་ལྡན་པའི་ཞིབ་སྦྱོང་འཛིན་གྲྭའི་སློབ་མས་ཧྥུའུ་ཅན་དུ་འཚམས་འདྲི་བྱས་པ།
ཟླ་12ཚེས་12ནས་14ཉིན་བར། ཀྲུང་གོ་ཕྱི་འབྲེལ་པུས་གཙོ་གཉེར་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་མཐོ་རིམ་ཀྲོན་ཡོན་གཞུང་དོན་ཁང་ཞུགས་ནས་རྒྱབ་སྐྱོར་བྱས་པའི་དུས་ཐེངས་གཉིས་པའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་ཤེས་ལྡན་པའི་ཞིབ་སྦྱོང་འཛིན་གྲྭའི་སློབ་མས་ཧྥུའུ་ཅན་དུ་འཚམས་འདྲི་བྱས་ཤིང་། ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་། རྒྱ་མཚོ་ཆེན་པོའི་གླིང་བཅས་ནས་ཡོང་བའི་སྲིད་གཞུང་གི་འཐུས་མི་40ལྷག་ཙམ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཕྱི་འབྲེལ་དཔོན་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་མཐོ་རིམ་ཀྲོན་ཡོན་གཞུང་དོན་ཁང་གི་དཔོན་རིགས་མཐོ་སློབ་དང་། ཁེ་ལས། སྡེ་ཁུལ་སོགས་སུ་བསྐྱོད་དེ་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་འགན་སྲུང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་སོགས་ཀྱི་ཐད་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཚོར་བ་བྱས་ཡོད།
ཧྥུའུ་ཀྲོའུ་རུ་ཞིབ་སྦྱོང་འཛིན་གྲྭའི་སློབ་མས“3820” འཐབ་ཇུས་ལས་གྲྭ་ལག་བསྟར་བྱས་ནས་ལོ་ངོ་30འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དང་ཁྲོམ་གཞུང་གསུམ་དང་སྲང་ལམ་བདུན་དུ་གནས་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་སོགས་ལ་ལྟ་སྐོར་བྱས་ཤིང་། སློབ་མ་ཚོས《འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》གྱི་དགོངས་དོན་གཞིར་བཟུང་། འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་གླེང་མོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཟབ་ཏུ་གཏོང་བ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཁྲོད་མུ་མཐུད་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་སྐྱོད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།