དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོར”རེ་སྒུག་བྱེད་རིན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-12-17

    ཟླ་12ཚེས་11དང་ཚེས་12ཉིན། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་མཐོ་རིམ་དཔོན་རིགས་ཀྱི་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ་དང་། དོ་སྣང་ཆེན་པོ་བྱེད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོ”དངོས་སུ་འགོ་ཚུགས་པ་རེད། ཀྲུང་གོས་འགན་འཁུར་ཐེངས་གསུམ་པ་ཡིན་ལ་དུས་ཡུན་ལོ་12སོང་རྗེས་སླར་ཡང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་བ་དེ་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་འཁུར་སེམས་ཆེན་པོ་མངོན་ཡོད། ཕྱོགས་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་སྒུག་བྱེད་པ་དང་ཀྲུང་གོས་ས་ཁུལ་གྱི་ཁོངས་མི་ཁག་གི་སྣེ་ཁྲིད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་གོམ་སྟབས་སྤོ་བའི་རེ་སྒུག་བྱེད་ཀྱི་ཡོད།

    ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ནང་ཧུར་ཐག་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཆིང་ཀྲོའུ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུའི་ཐོག ཀྲུང་གོ་ཕྱོགས་ཀྱིས་སང་ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད་ཅེས་གསུངས་པ་དེས་2026ལོར་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་གཙོ་གཉེར་བྱེད་པ་དང་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གསར་པ་སྤོ་རྒྱུར་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོའི”བརྗོད་དོན་གཙོ་བོར་བརྩི་དགོས་པ་བཏོན་པ་དེ་ཐོག་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཡུན་རིང་དར་རྒྱས་གོང་འཕེལ་ཡོང་བའི་ཕུགས་ཀྱི་བསམ་གཞིག་དང་ཐབས་ཇུས་མངོན་སྟབས་ལ་ཕྱོགས་ཁག་གི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་ས་ཁུལ་གྱི་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། འཛམ་གླིང་དཔལ་འབྱོར་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྒུལ་ཤུགས་ཆེན་པོ་སྐྱེས་སུ་འབུལ་རྒྱུ་རེད།

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་ཐབས་ལམ་གསལ་པོ་ཞིག་འགོད་དགོས། ད་ཐེངས་ཀྱི་མཐོ་རིམ་དཔོན་རིགས་ཚོགས་འདུའི་ཐོག“སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་ནི་སང་ལོའི་མཉམ་ལས་ཀྱི་སྔོན་སྒྲུབ་ཁྱབ་ཁོངས་ཆེན་པོ་གསུམ་དུ་བརྩི་རྒྱུར་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་ཞིང་། སྒོ་དབྱེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ཀྱི་སྲོག་རྩ་དང་། གསར་གཏོད་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས། མཉམ་ལས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ཀྱི་གཞི་གདན་བཅས་ཡིན། ཁྱབ་ཁོངས་དེ་དག་ནང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཚེ་ས་ཁུལ་ཕྱོགས་ཁག་གིས་མིག་སྔའི་འཕེལ་རྒྱས་ལ་འཕྲད་པའི་མངོན་གསལ་དོད་པའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ས་ཁུལ་གྱི་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ནང་མཉམ་འདྲེས་བྱེད་པར་ཕན་ཐོགས་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི“ཀྲུང་གོའི་ལོར”སྔོན་དཔག་བྱས་ན་བྱེད་སྒོ་ཐེངས་300ཙམ་སྤེལ་རྒྱུ་ཡིན་པ་དེ་དག་ཚོང་དོན་དང་། གྲངས་འཛིན་དཔལ་འབྱོར། འགྲིམ་འགྲུལ། ཡུལ་སྐོར། མི་ཤུགས་ཐོན་ཁུངས། ཁེ་ལས་འབྲིང་ཆུང་། ནུས་རྒྱུ། འབྲུ་རིགས་བདེ་འཇགས། ནོར་སྲིད། བུད་མེད་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། འཆར་འགོད་རབ་དང་རིམ་པ་དེ་དག་ལས་མ་འོངས་པའི་ལོ་གཅིག་རིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་འབད་འབུངས་མདུན་སྐྱོད་ཀྱི་འཆར་གཞི་བཀོད་པ་དེ་ཐོག་ནས་མགྲོན་བདག་རྒྱལ་ཁབ་ཡིན་པའི་ཀྲུང་གོའི་མཉམ་ལས་ཀྱི་ཁྲིད་སྟོན་ནུས་པ་དང་དངོས་སྒྲུབ་འགན་འཁྲི་མངོན་ཡོད།

    མིག་སྔའི་དུས་བབ་འོག ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ཀྱི་སྒུལ་ཤུགས་འབྱུང་ཁུངས་དང་སྐུལ་འདེད་གཏོང་མཁན་ཞིག་ཡིན་པའི་ཀྲུང་གོའི་ནུས་པ་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད། ད་ཐེངས་ཀྱི་མཐོ་རིམ་དཔོན་རིགས་ཚོགས་འདུའི་ཐོག་འཚམས་འདྲིའི་བྱེད་སྒོ་བཀོད་སྒྲིག་བྱས་པ་དང་ཚོགས་ཞུགས་འཐུས་མིས་ཧྲེན་ཀྲེན་གྲོང་ཁྱེར་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་ཀྱི་ཡོད། ཉིན་ཤས་གོང་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཕྱི་ཕྱོགས་སྒོ་དབྱེ་མཐའ་འཁྱོངས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུར་བཀོད་སྒྲིག་གསར་པ་བྱས་ཡོད། ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། ཞབས་ཞུའི་ཁྱབ་ཁོངས་ཀྱི་རང་བརྟེན་སྒོ་དབྱེ་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེར་གཏོང་བ། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་བཀོད་སྒྲིག་ཁྱབ་ཁོངས་ལེགས་སུ་གཏོང་བ། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་ལ་སོགས་སྒོ་དབྱེའི་སྒོ་མོ་འབྱེད་རྒྱ་ཇེ་ཆེར་གཏོང་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་སྤྱི་ཡོངས་མཉམ་ལས་ཁྲོད་ཀྱི་ཀྲུང་གོའི་ཁྲིད་སྟོན་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ་རེད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་ལ་གོ་སྐབས་གསར་པ་བསྐྲུན་རྒྱུ་ནི་ཀྲུང་གོའི་བློ་བརྟན་འགྱུར་མེད་ཀྱི་གདམ་ག་ཞིག་ཡིན་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས“ཀྲུང་གོའི་ལོར”རེ་སྒུག་བྱེད་རིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།