དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོས།

    “ཏང་འཛུགས་སྐྱོང་དང་སྐར་གསོག་ལམ་ལུགས་ཟུང་འབྲེལ”ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་སྒུལ་ནུས་གསར་པ་འཕེལ་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོས“ཏང་འཛུགས་སྐྱོང་གིས་སྐར་གསོག་ལ་མཐུན་རྐྱེན་སྦྱོར་བར་མཛུབ་ཁྲིད་བྱེད་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། གསར་གཏོད་བྱས་པའི་སྐར་གསོག་དོ་དམ་ལམ་ལུགས་བརྒྱུད། གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་ཡུལ་མིའི་ཧུར་སེམས་ཆེ་རུ་ནུས་ལྡན་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར“ཁྱིམ་གཞིས་གཙང་སྦྲ”ལག་ལེན་དང“སྐར་མ”བརྗེ་བའི་ལྷུ་ཚིགས་ཆེན་པོ་གཉིས་ཚུད་ཡོད་པ་དང་། ཁོར་ཡུག་གཙང་སྦྲ་དང་། སྒྲིག་བཀུར་ཁྲིམས་སྲུང་། ཁྱིམ་ཚང་འཆམ་མཐུན། སྤྱི་ཕན་ལས་ལ་ཞུགས་པ། སྲིད་ཇུས་དང་ལེན་སོགས་ཐད་ཀྱི་ཡུལ་མིའི་རྒྱུན་གཏན་གྱི་བྱ་སྤྱོད་དེ་སྐར་གསོག་ལ་ཕབ་པ་དང་འབྲེལ། ཞིབ་ཕྲའི་སྐར་གྲངས་དཔྱད་བསྡུར་ཞིབ་སྲོལ་བཀོད་སྒྲིག་བྱས་པ་རེད།

    ལག་ལེན་གྱི་ལྷུ་ཚིགས་སུ། ཡུལ་མི་རྣམས་ཁོར་ཡུག་བཅོས་སྒྲིག་དང་། ཁུག་ཀྱོག་གཙང་བཟོ། གད་སྙིགས་གཙང་འདྲེན་སོགས་ལ་ཧུར་ཐག་ཞུགས་པས། གྲོང་ཚོའི་རྣམ་པ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད། དེ་རྗེས་ཀྱི་སྐར་མ་བརྗེ་སྐབས་བྱེད་སྒོའི་མཐོ་རླབས་འཕྱུར་བར་བྱས་ཤིང་། ས་ཡུལ་དངོས་སུ“ལོ་འཁོར་གྱི་སྐར་གསོག་མཐོ་ཤོས”ཀྱི་དུད་ཚང་1དང“སྐོར་སྐྱོད་དར་དམར་དཔེ་སྟོན་དུད་ཚང”30ལ་གཟེངས་བསྟོད་བྱས་པ་དང་འབྲེལ་ཆོབ་ཚ་བའི་འགྲན་བསྡུར་བརྒྱུད་གཞི་རིམ་བཅོས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ཡོད། དུད་ཚང་62ཀྱི་ཡུལ་མིར་སྐར་མ་3685བརྗེས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཏང་འཛུགས་སྐྱོང་དང་སྐར་གསོག་ལམ་ལུགས་ཟུང་འབྲེལ”གྱི་བྱ་ཐབས་ཁྱབ་གདལ་བཏང་ཚུན། གྲོང་ཚོ་དེའི་གཞི་རིམ་བཅོས་སྐྱོང་གི་མ་གནས་སྲོལ་རྒྱུན་གྱི་བྱ་ཐབས་ལས་60%ཙམ་དམའ་རུ་ཕྱིན་པ་དང་། གྲོང་ཚོ་རིམ་པའི་ལས་དོན་ནང་ཞུགས་པའི་ཡུལ་མིའི་ཧུར་སེམས་དུས་མཚུངས་ལས་45%ཆེ་རུ་ཕྱིན་ནས་མཉམ་སྐྲུན་དང་། མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་ཏེ། གཞི་རིམ་བཅོས་སྐྱོང་གི་དཀའ་གནད་སེལ་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་གོ་ཆོད་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།