བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་ནུས་པ་ཆེན་པོ་ཐོན་པར་བྱེད་པ།

འདི་ནི་སྦྲ་ཆེན་རྫོང་གིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་གྱི་ཐབ་ཚང་ཚད་ལྡན་ཅན་གྱི་སྒྱུར་བཀོད་བྱེད་བཞིན་པ།

འདི་ནི་སྦྲ་ཆེན་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དུ་མཉམ་དུ་ལྟོ་ཆས་གཡོས་སྦྱོར་དང་མཉམ་དུ་ལྟོ་ཆས་ཟ་བཞིན་པ།(སྦྲ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའུ་ཡིས་པར་རིས་མཁོ་འདོན་བྱས)
ཉེ་ཆར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་གྲོང་ཚོ་རིམ་པའི་ཐབ་ཚང་དང་འཁྲུད་ཁང་སྒྱུར་བཀོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་པའི་བྱ་བ་ཆུང་ཙག་ནས་སྒྱུར་བཀོད་བྱེད་འགོ་བཙུགས་ཏེ། ཏང་གིས་མང་ཚོགས་ལ་ཞབས་འདེགས་ཞུ་སྐབས་སེམས་རྩ་འཁོལ་བ་དང་གྲོང་གསེབ་ཀྱི་ཤེས་དཔལ་སྲོལ་གསར་ཆགས་པར་སྐུལ་འདེད་ནུས་ལྡན་བཏང་བ་རེད།
རྫོང་གྲོང་སྡོད་གཞུང་དོན་ཁང་གིས“ཏང་དང་མང་ཚོགས་ཀྱི་སེམས་འབྲེལ་ཐབ”དང“ཤེས་དཔལ་སྲོལ་གསར་གྱི་འཁྲུད་ཁང”གཞི་རྟེན་དུ་བྱས་ནས། གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་31གི་ཐབ་ཚང་ཚད་ལྡན་ཅན་དུ་སྒྱུར་བཀོད་བྱས་པས། ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད་ཏང་དང་མང་ཚོགས་དབར་གྱི་མཉམ་འགུལ་བར་མཐོངས་གསར་པའང་རྒྱ་ཆེར་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།