ཏང་འཛུགས་སྐྱོང་གིས་མཉམ་ཤུགས་ཆགས་པར་སྣེ་ཁྲིད་བྱེད། ཕྱོགས་མང་མཉམ་བཅོས་ཀྱིས་དཀའ་ངལ་སེལ།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གི་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ།

འདི་ནི་གླིང་ཆུང་སྡེ་ཁུལ་གྱིས་གྲོང་ཁྱེར་དོ་དམ་གྱི་ཁྲིམས་སྒྱུར་སྡེ་ཚན་དང་མཉམ་དུ་ཚོང་ཁང་སྒོ་འགྲམ་གྱི་ཟང་ཟིང་གནས་ཚུལ་ལ་ཆེད་དོན་བཅོས་སྒྲིག་བྱེད་བཞིན་པ།
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གིས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། དམངས་འཚོ་རྩ་བར་འཛིན་པ། ཞིབ་ཕྲའི་བཅོས་སྒྲིག”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས། ཁོངས་གཏོགས་ཁུལ་གྱི་གྲོང་ཚོ(སྡེ་ཁུལ)ཁག་གི་ཏང་རྩ་འཛུགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱེད་པ་དང་། ཁོར་ཡུག་བཅོས་སྒྲིག་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར། སྐྱེ་ཁམས་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་སྨིན་ཤུགས་འདོན་བྱེད་པ། ཚད་ལྡན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་དཀའ་གནད་སེལ་བ། གནས་འཕྲོད་ལས་འཚམ་གྱི་རྨང་གཞི་བརྟན་པོ་འཛུགས་པ་བཅས་བྱས་ནས། གཞི་རིམ་བཅོས་སྐྱོང་གི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།
ཁང་གསར་ལྷོ་སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་དེ“བཅོས་སྒྲིག་དང་ཁྲིད་སྟོན”ཟུང་འབྲེལ་གྱི་རྣམ་པ་སྤྱད་པས་སྤུས་ཚད་མཐོ་རུ་ཕྱིན་ཞིང་། ལས་དོན་མི་སྣ་དང་། དྲ་མིག་པ། དེ་བཞིན་དང་བླངས་པ་བཅས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་གྱིས་སྤྱི་པའི་ས་ཁོངས་དང་མེ་གསོད་བགྲོད་ལམ་སོགས་འགག་རྩའི་གནས་ལ་དམིགས་ནས་གློག་སྒུལ་སྦག་སྦག་གང་བྱུང་དུ་བཞག་པར་ཆེད་དོན་བཅོས་སྒྲིག་བྱས་པ་དང“ལེབ་བཤེར་རྣམ་པའི་ཞིབ་བཤེར་དང་ཚད་ལྡན་ཅན་གྱི་སྒྲིག་འཛུགས” ཟུང་འབྲེལ་བྱས་པས། འཁོར་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་ཕྱིན་ཡོད། སྲང་ལམ་ཆུང་ཆུང་དང་ཁུག་ཀྱོག་གི་གད་སྙིགས་སྣ་ཚོགས་དུས་གཅིག་དུ་གཙང་སེལ་བྱས་པ་དང་མེ་ཟོན་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་གི་རྒྱུན་ཤེས་ཡུལ་དངོས་སུ་དྲིལ་བསྒྲགས་བྱས་པས། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་རྣམ་པ་དང་གྲོང་མིའི་ཤེས་དཔལ་གྱི་བྱང་ཚད་ཡང་མཉམ་དུ་མཐོ་རུ་སོང་ཡོད།
རྔ་ཆེན་སྡེ་ཁུལ་གྱིས“མངོན་མེད་རྐྱེན་ངན་ཐར་པར་གཏན་ནས་མི་གཏོང་བ་དང་བཅོས་སྒྲིག་ལ་ལྷོད་གཡེང་མི་གཏོང་བའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཞིང་། ཁོངས་གཏོགས་ཁུལ་གྱི་རྫས་འགྱུར་བཟོ་གྲྭ་རྙིང་པ་ཞིག་ལ་གད་སྙིགས་སྤུངས་པ་དང་སྒྲིག་འགལ་བསྐྱར་སྐྲུན་སོགས་ཀྱི་གནད་དོན་ལ་དམིགས་ནས། སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་མགྱོགས་མྱུར་དང་ལེན་བྱས་ཏེ། འཕྲལ་མར་པར་བརྒྱབ་ནས་དཔང་རྟགས་ལེན་པ་དང《དག་ཐེར་བཅོས་སྒྲིག་གི་བརྡ་ཐོ》བཏང་ནས། སྒྲིག་འགལ་ཨར་ལས་མཚམས་འཇོག་བྱེད་པ་དང་འབྲེལ་དུས་བཀག་ནང་གད་སྙིགས་གཙང་སེལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ཆབས་ཅིག་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་ནས་ཁྲིམས་སྒྱུར་གྱི་མཉམ་ཤུགས་ཆགས་པར་བྱས་ཏེ“གསལ་ཐོ་རྣམ་པའི་དོ་དམ་དང་གདུབ་ཟུམ་རྣམ་པའི་སྐུལ་འདེད”བཏང་ནས་གནད་དོན་བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ཡོད།
གླིང་ཆུང་སྡེ་ཁུལ་གྱིས“དམངས་ཀྱི་རེ་འབོད་ལ། བརྡ་ལན་ཡོད་པའི”ཕྱོགས་སྟོན་མཐའ་འཁྱོངས་བྱས་ནས། བཅོས་སྒྲིག་གི་ཕན་ནུས་ཆེ་རུ་བཏང་ཡོད། གྲོང་ཤར་དབྱི་ཕིན་ཚོང་ཁང་གི་མཐའ་འཁོར་དུ་གད་སྙིགས་སྤུངས་པ་དང་ས་ངོས་སྣུམ་དྲེག་ཀྱིས་ཁེངས་པ་སོགས་ཀྱི་གནས་ཚུལ་ཤེས་རྗེས། སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་སྡེ་ལས་དང་། ཚོང་དུད། དེ་བཞིན་རླངས་འཁོར་འཇོག་ས་བཅས་ཀྱི་འགན་འཁུར་བ་བསྐོངས་ནས་ས་ཡུལ་དངོས་སུ་མཐུན་སྦྱོར་ཚོགས་འདུ་འཚོགས་ཏེ་བཅོས་སྒྲིག་ཇུས་གཞི་བཟོས་ཡོད། གཅིག་སྡུད་ཐོག་གད་སྙིགས་དང་སྣུམ་དྲེག་གཙང་སེལ་བྱས་པ་མ་ཟད། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལམ་སྲོལ་བཙུགས་ཏེ་སྐོར་ཞིབ་བྱེད་ཐེངས་མང་དུ་བཏང་ནས་གནད་དོན་སླར་ཡང་མི་ཐོན་པ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།