དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ནས་ལ་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱེད་པ་དེ“རིག་ལྡན་དུས་རབས”སུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    ཉེ་ཆར། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་རང་ལྗོངས་ཀྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་དང་དེ་བཞིན་མཐོ་གསར་ཚན་རྩལ་ཁེ་ལས་དང་མཉམ་དུ་རྒྱལ་ཡོངས་ཀྱི་གནམ་གཤིས་ཁོངས་གཏོགས་ཀྱི་ནས་སྐྱེ་འཚར་གྱི་འགག་རྩའི་དུས་མཚམས་ཀྱི་སྐྱེ་ཚུལ་ལ་རིག་ནུས་དབྱེ་འབྱེད་སྟེ“སྙེ་རིག”ཉིང་ལྷེབ་ཞིབ་འཇུག་ཐེངས་དང་པོ་བྱས་པ་དང་། གྲུབ་འབྲས་དེས་གནམ་གཤིས་ཞབས་ཞུ་དང་མི་ཐབས་རིག་ནུས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། ནས་ལ་གནམ་གཤིས་ལྟ་ཞིབ་བྱེད་པར“རིག་ལྡན་ཀླད་པ”སྒྲིག་སྦྱོར་བྱས་ནས་ས་མཐོའི་ཞིང་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དབྱར་ཁར། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དང་སྟག་རྩེ་ཆུས་སུ་ཚད་གཞི་མཐོ་བའི་ཞིང་ཁའི་རིག་ནུས་གནམ་གཤིས་ལྟ་ཞིབ་ས་ཚིགས་དང་ནས་སྐྱེ་འཚར་གྱི་རང་འགུལ་ལྟ་ཞིབ་ས་ཚིགས་སོ་སོར་བཙུགས་པས། བོད་དུ་ཚད་གཞི་མཐོ་བའི་ཞིང་ཁའི་གནམ་གཤིས་རིག་ནུས་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་སྟོང་ཆ་གསབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།