དངོས་མཚོན་པར་གཞི《དུས་ཀྱི་འགྲུལ་པ》ལྷ་སར་བསྟན་པ།
ཉེ་ཆར། དངོས་མཚོན་པར་གཞི《དུས་ཀྱི་འགྲུལ་པའི》ཁྱབ་བསྒྲགས་མཛད་སྒོ་དང“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”《ལྷ་སའི་གླུ་དབྱངས》 ཀྱི་འོས་སྦྱོར་བྱེད་སྒོ་ལྷ་སར་སྤེལ་བ་རེད། པར་གཞི་དེ་ཨའེ་ཆི་དབྱི་སྟེགས་བུའི་ནང་བཅུག་ཟིན་པས་ལྟད་མོ་བས་དྲ་ཐོག་ནས་ལྟ་ཆོག་གི་ཡོད།
རང་སྐྱོང་ལྗོངས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི“སྤུས་ལེགས་གསར་གཏོད་རོགས་སྐྱོར་རྣམ་གྲངས” ཡིན་པའི་ངོས་ནས《དུས་ཀྱི་འགྲུལ་པ》ནི“དུས་ཀྱི་འཕོ་འགྱུར་ཁྲོད་ཀྱི་བོད་ཀྱི་གཏམ་རྒྱུད”གཙོ་བོར་བྱས་པའི་དངོས་མཚོན་པར་གཞི་ཞིག་ཡིན་པ་དང་། རྒན་མོ་ཚུལ་ཁྲིམས་ལྷ་མོའི་མི་ཚེའི་ཤུལ་ལམ་བརྒྱུད་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འཕེལ་རྒྱས་བརྒྱུད་རིམ་དང་འགྱུར་ལྡོག་རླབས་པོ་ཆེ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།