དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱི“སྙིགས་མེད་ཕྲ་ཕུང”འཛུགས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-17

    ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། 2024ལོར། མངའ་རིས་ས་ཁུལ་གྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན། ས་གནས་དེ་གས“སྙིགས་མེད་ཕྲ་ཕུང”སྐྱེད་སྲིང་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ནས་རྩེ་རིམ་ཇུས་འགོད་དང་། སྐུལ་སློང་རེ་ཞུ། ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི“སྙིགས་མེད་ཕྲ་ཕུང” འཛུགས་སྐྲུན་གྱི་ཚོད་སྐོར་དོ་དམ་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》དང《མངའ་རིས་ས་ཁུལ་གྱི“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་གྱི་ཚོད་སྐོར་ཕྱོགས་སྟོན(ཚོད་ལྟའི་ལག་བསྟར)》བཟོས་ནས། “སྙིགས་མེད་ལས་ཁུངས”དང“སྙིགས་མེད་སྒོ་རྩིས་ཚོང་ཁང” “སྙིགས་མེད་ཞིང་ཟོག་ཁྲོམ་ར”སོགས་རིགས་དང་ཁག་20ལ་ཁྱབ་པའི་འཛུགས་སྐྲུན་གྱི་ཚད་གཞིའི་མ་ལག་བཙུགས་པ་དང་འབྲེལ། ཁྱབ་ཁོངས་ཁག་8དུ“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་གྱི་ལོ་འཁོར་དམིགས་ཚད་20ལེགས་གྲུབ་བྱས་ནས། ས་ཁོངས་ཧྲིལ་པོར“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་དང་བྱ་སྤྱོད་ཀྱི་ཁྲིད་སྟོན་མཁོ་འདོན་བྱས་ཡོད་པ་རེད།

    དུས་མཚུངས་སུ་མངའ་རིས་ས་ཁུལ་གྱིས《“སྙིགས་མེད་ཕྲ་ཕུང”འཛུགས་གཏོད་ཀྱི་རེ་ཞུའི་དཔྱད་ཡིག་གང་མགྱོགས་འབུལ་རྒྱུའི་སྐོར་གྱི་ཡི་གེ》བཟོས་ནས་བཀྲམས་སྟེ། རྫོང་ཁག་དང་དེ་བཞིན་འབྲེལ་ཡོད་ཚན་པ་དེའི་ནང་ཞུགས་པར་ཕྱོགས་ཡོངས་ནས་སྐུལ་སློང་བྱས་མཐར་ཚན་པ་48ཀྱིས་རེ་འདུན་ཧུར་ཐག་ཞུས་པ་རེད། ད་ལོའི་ཟླ་11ཚེས་17ནས་ཚེས་21ཉིན་བར་མངའ་རིས་ས་ཁུལ་གྱིས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཚན་ཞིབ་ཁང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཚོད་སྐོར་ཚོགས་ཆུང་བཙུགས་ཏེ། ས་ཡུལ་དངོས་སུ་ཚོད་སྐོར་དང་ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད་རེ་ཞུ་འབུལ་མཁན་ཚན་པ་48ནས་ཚན་པ་36བདམས་ཏེ་ས་ཡུལ་དངོས་སུ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་བརྒྱུད“སྙིགས་མེད་ཕྲ་ཕུང” གི་ཚན་པ་36གཏན་འཁེལ་བྱས་པས་ལོ་འཁོར་གྱི་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་སྟེ་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།