བསྟན་པས་2025ལོ་འཁོར་གྱི“གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད”ཀྱི་སྐུལ་སྤེལ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ།
ཚེས་12ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པས་ལྷ་ས་གྲོང་ཁྱེར་གྱི་སྐྲུན་བཞིན་པའི་གཙོ་གནད་རྣམ་གྲངས་ཀྱི་འཐབ་ས་དང་པོར་བསྐྱོད་དེ་2025ལོ་འཁོར་གྱི“གླ་ཆ་འགྱངས་ཆད་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད”སྐུལ་སྤེལ་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
ལྷ་ས་ཕུ་མདོ་ཆུ་འདྲེན་ལས་གྲྭའི་ཨར་ལས་དང་སྒྲིག་སྦྱོར་ལས་གྲྭའི་ས་ཚིགས་དང་། ལྗོངས་ཐད་གཏོགས་ལས་ཁུངས་བྱ་གཞག་ཚན་པའི་དུས་ཐེངས་བཞི་པའི་གཅིག་གྱུར་འཛུགས་སྐྲུན་གྱི་ལས་ཤག་དང་བོད་ལྗོངས་སློབ་ཆེན་སློབ་གསོ་གྲོང་གི་སློབ་ཁུལ(དུས་ཐེངས་དང་པོ)གྱི་སློབ་མའི་ཉལ་ཁང་གི་རྣམ་གྲངས་སོགས་འཛུགས་སྐྲུན་བྱ་ཡུལ་དུ་བསྟན་པས་ས་གནས་ས་ཐོག་ཏུ་གླ་ཆ་སྤྲོད་པའི་རྩིས་ཁྲར་གཟིགས་པ་མ་ཟད། ད་དུང་གན་རྒྱ་བཞག་ཚུལ་དང་། གླ་ཆའི“མི་རེར་ཡིག་ཚགས་རེ་དང་ཟླ་རེར་གཙང་བཤེར་རེའི”ལམ་ལུགས་དོན་འཁྱོལ་བྱས་ཚུལ། ལས་མིའི་གྲུབ་ཚུལ་སོགས་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་མ་ཟད། སྐབས་བསྟུན་ཁ་པར་ཐོག་ནས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་ཀྱི་ཞིབ་ཕྲའི་གནས་ཚུལ་སྐོར་བཀའ་འདྲི་ཡང་གནང་བ་རེད།
བསྟན་པས་བླང་བྱ་བཏོན་དོན། འབྱུང་རྩ་ནས་བཅོས་སྒྲིག་བྱེད་ཟབ་ཏུ་བཏང་སྟེ《ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་འགན་སྲུང་སྲོལ་ཡིག》ལག་བསྟར་ནན་པོ་བྱེད་པ་དང་། “འགན་དངུལ་གཉིས་དང་ལམ་ལུགས་གསུམ”སོགས་ཀྱི་ལམ་ལུགས་དང་ལྷག་པར་དུ་གླ་ཆ་འགན་ལེན་དངུལ་གྱི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྔོན་འགོག་དང་ཆད་གཅོད་བསླབ་འདོམས་ཀྱི་ལམ་ལུགས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཚན་ཁག་དང་མི་སྤྱོད་ཚན་པས་གཞོགས་འདེགས་བྱས་ཏེ། ལོ་མཇུག་ཏུ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་མང་བའི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་གཟའ་འཁོར་རེར་བཀོད་གཏོང་དང་། དུས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད། རང་འགུལ་ངང་ཞུགས་པ་བཅས་བྱས་ཏེ་མངོན་མེད་ཉེན་ཁ་སྔ་སྣུར་ནས་ཤེས་རྟོགས་དང་དེ་བཞིན་ནུས་ལྡན་ངང་བསལ་ཏེ་ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་རྒྱུའི་འགན་ལེན་བྱེད་དགོས། “བརྒྱུད་རོགས་ཁྲིད”གསུམ་ལ་དམ་འཛིན་ཧུར་ཐག་བྱས་ཏེ་ཞིང་པ་ལས་མིའི་རྩལ་ནུས་གསོ་སྦྱོང་དང་ཐོན་ལས་བཟོ་པ་གསོ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ལས་ཞུགས་བརྟན་པོ་དང་རྩལ་ནུས་འབབ་འཕར་གྱི་འཇོན་ཐང་སྔར་བས་ཆེ་རུ་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།