རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2025ལོའི་ཚོགས་འདུ་ཐེངས་17པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2025ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་10པ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་གིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ལ་སྐོར་ཞིབ་ཀྱི་གཅིག་སྡུད་ལན་སྤྲོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལྗོངས་ཡོངས་ཀྱི“ཚད་གཞི་བཞིར”བརྩི་སྲུང་བྱེད་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་དང་འབྲེལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ནས་སྤེལ་རེས་གཏམ་བཤད་ཀྱང་བྱས་པ་རེད།
མོང་ཞའོ་ལིན་དང་། པད་མ་དབང་འདུས། སྒྲོལ་དཀར། ཝང་ཀང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ལིའུ་ཅང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་རང་རྟོགས་ངང་བསམ་བློ་གཅིག་གྱུར་དང་། འདུན་པ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་ནན་པོ་བྱེད་པ།བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། གྲོས་མོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། ལྟེ་བའི་ལས་འགན་ལ་དམིགས་ནས་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་དགོས། ཆབ་སྲིད་ཀྱི་ལྷག་བསམ་བརྟན་དུ་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་དེ་བས་མང་བ་གཅིག་སྡུད་བྱེད་དགོས། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དུས་རབས་གསར་པའི་དྲ་ཐོག་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་ནས་སྲིད་གྲོས་ཀྱི་སྐད་སྒྲ་ཡག་པོ་བཏོན་ཏེ་མཐུན་ཆ་ཆེ་ཤོས་ཡོང་བར་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་དང་། ཆེད་དོན་གྲོས་མོལ། བརྟག་ཞིབ་ལྟ་ཞིབ་བཅས་བྱས་ཏེ་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་དགོས། དང་བླངས་ཞབས་ཞུ་སྲིད་གྲོས་ཀྱི་འགན་སྒྲུབ་བྱེད་སྒོ་དང་མཉམ་འདྲེས་བྱས་ཏེ་བདེན་ལེགས་མཛེས་གསུམ་རྒྱ་ཁྱབ་ངང་བརྒྱུད་སྤྲོད་བྱས་ནས་དྲང་ནུས་དེ་བས་མང་བ་གཅིག་སྡུད་བྱེད་དགོས། བོད་ལྗོངས་དྲིལ་བསྒྲགས་དང་ངོ་སྤྲོད་ཧུར་ཐག་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་རང་ལྗོངས་ཀྱིས་ཕྱོགས་ཡོངས་ཀྱི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་དེ་བས་མཉམ་འདྲེས་བྱེད་པར་རམ་འདེགས་བྱེད་དགོས། ཀྲུང་དབྱང་གི་སྐོར་ཞིབ་ཚུར་ལན་བསམ་འཆར་དང་རང་སྐྱོང་ལྗོངས་ཀྱི་དག་ཐེར་དོན་འཁྱོལ་ཇུས་གཞི་དང་རང་རྟོགས་ངང་ཡང་ཡང་བསྡུར་བ་དང་སྐོར་ཞིབ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། སྐོར་ཞིབ་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྐོར་ཞིབ་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་སྐོར་ཞིབ་དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལིའུ་ཅང་གིས་བླང་བྱ་བཏོན་དོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་བ་དང་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་གཞིར་བཟུང་། བརྟག་ཞིབ་གྲོས་མོལ་གཏིང་ཟབ་བྱས་ནས་ཐུན་མོང་ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་བྱས་ཏེ་མི་རིགས་འཆམ་མཐུན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོས“ཚད་གཞི་བཞིར”བརྩི་སྲུང་ཞུ་རྒྱུར་སྣེ་ཁྲིད་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། འགན་འཁྲི་ནན་ཏན་ངང་བསྒྲུབ་པ། དགེ་མཚན་ལྡན་པའི་ནུས་པ་འདོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་མང་ཙམ་འབུལ་དགོས།
འབྲེལ་ཡོད་གསར་འགྱུར།