དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བི་ཤུར་གསོན་ཤུགས་གསར་པ་རྒྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཡའོ་མན།   |     སྤེལ་དུས།  2025-12-16

    འདི་ནི་བི་ཤུ་འགྲན་བཞིན་པ།

    བོད་རང་སྐྱོང་ལྗོངས་ཉིང་ཁྲིའི་བི་ཤུ་འགྲན་བསྡུར་སྐབས་བཅུ་པར་ལོ་64ལ་སླེབས་པའི་པ་ནོར་བྲེལ་བརྩོན་ཤིན་ཏུ་ཆེ་ཞིང་། སྐབས་འགར་བསྡུར་གྲངས་རྩིས་རྒྱག་རོགས་བྱེད་པ་དང་། སྐབས་འགར་མདའ་དང་འབེན་གྱི་བར་ཐག་བཟོ་རོགས་བྱེད་པའི་རྣམ་པ་ནི་ནན་ཏན་ཆེ་ལ་སྤྲོ་སྣང་གིས་ཡོངས་སུ་ཁེངས་ཡོད། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྨན་གླིང་ཀོང་པོའི་བི་ཤུ་བཟོ་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་ཉིང་ཁྲི་གྲོང་ཁྱེར་བི་ཤུ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན་པའི་ཁོང་གིས་སྲོལ་རྒྱུན་ལུས་རྩལ་དེ་འཕེལ་རྒྱས་གཏོང་ཆེད་ལོ་ངོ་སུམ་ཅུ་ལྷག་ཙམ་འབད་བརྩོན་བྱས་ཡོད།

    བི་ཤུ་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ལ་མ་གཏོགས་མེད་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་ཡིན་ཞིང་། ད་བར་ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན།

    བོད་རང་སྐྱོང་ལྗོངས་ཉིང་ཁྲིའི་བི་ཤུ་འགྲན་བསྡུར་སྐབས་བཅུ་བསྟུད་མར་གཉེར་བ་དེ་ནི་བོད་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་བི་ཤུའི་འགྲན་བསྡུར་གྱི་གྲས་ཤིག་རེད། འགྲན་བསྡུར་མ་བྱས་གོང་། ཡུལ་མི་ཚོས་གཟབ་མཆོར་སྤྲས་པ་དང་ཇ་ཆང་ཁ་ཏོག་གྲ་སྒྲིག་གྱ་ནོམ་པ་བྱས་ཏེ་སྔ་མོ་ནས་འགྲན་རར་སྒུག་པ་དང་། འགྲན་བསྡུར་སྐབས་སུ་མི་རྣམས་ཀྱིས་སྤྲོ་སེམས་རྒྱས་ཤིང་བློ་སྟོབས་འཕེལ་བའི་མདའ་གཞས་གཏོང་བ་དང“ཀོང་པོའི་མདའ་བྲོ”འཁྲབ། མདའ་མོ་འབེན་ལ་ཕོག་རྗེས་མདའ་པ་ཚོས་ད་དུང་རུ་མི་དང་ཐལ་མོ་བརྡེབས་ནས་སྐུལ་ལྕག་བྱེད་པ་སོགས་ཀྱི་རྣམ་པ་འདི་འཁྲུག་ཆ་དོད།

    “སྔོན་ཆད་ཚང་མ་གྲོང་ཚོའི་ནང་སྤྲོ་སྐྱིད་དང་སྦྲགས་ནས་མདའ་རྩེད་རྩེ་ནའང་གཞི་ཁྱོན་ཆུང་ལ་ཚད་གཞི་ཡང་མེད། ད་ཆ་བི་ཤུ་ནི་བོད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ཤིག་ཡིན་པས། འགྲན་བསྡུར་གྱི་སྒྲིག་སྲོལ་ཆ་ཚང་ལ་ཚད་ལྡན་ཡོད། བི་ཤུ་འཕེལ་རྒྱས་དང་རྒྱུན་འཛིན་ནི་རྒྱལ་ཁབ་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད། ན་ནིང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པར་ང་དང་རུ་མི་ཚོས་འཁྲབ་པའི་བི་ཤུར་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བི་ཤུ་ཡང་ས་མཐོ་ནས་སྐད་གྲགས་ཆོད་ནས་མི་སྔར་ལས་མང་བས་བི་ཤུའི་ཁྱད་ཆོས་མཐོང་ཡོད”ཅེས་པ་ནོར་གྱིས་བཤད།

    བི་ཤུ་ཁྱབ་གདལ་དང་རྒྱུན་འཛིན་བྱས་པ་དེས་ས་མཐོའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ད་ལོ་ལོ་43ལ་སླེབས་པའི་པ་སངས་སྒྲོལ་མས་ཉིང་ཁྲི་གྲོང་ཁྱེར་སྦེ་པ་གྲོང་རྡལ་དུ་བི་ཤུ་ར་བ་ཞིག་གཉེར་སྐྱོང་བྱས་ཡོད་པ་དང་། ཁོ་མོ་ནི་གྲོང་རྡལ་དུ་སྐད་གྲགས་ཡོད་པའི་མདའ་མ་ཞིག་རེད། ཁོ་མོའི་བི་ཤུ་ར་བས་ཡུལ་མི་ཚོར་ལུས་རྩལ་རོལ་རྩེད་བྱ་ཡུལ་གསར་པ་ཞིག་མཁོ་འདོན་བྱས་པ་མ་ཟད། ལོ་གཅིག་ལ་ད་དུང་ཡོང་འབབ་སྒོར་ཁྲི་ཁ་ཤས་འཕར་བ་དང་མང་ཚོགས་མི་ཉུང་བ་ཞིག་ཞིང་ལས་ཚར་རྗེས་ཁོང་གི་བི་ཤུ་ར་བར་བསྐྱོད་དེ་རྩལ་འགྲན་རོལ་རྩེད་ཀྱི་སྤྲོ་སྣང་ལ་རོལ་གྱི་ཡོད།

    ད་ལྟ་བོད་དུ་ལོ་གཅིག་ལ་བི་ཤུའི་འགྲན་བསྡུར་ཆེ་ཆུང་མི་འདྲ་བ་མང་པོ་ཡོད་པ་དང་། སྐྱེས་ཕོ་མོ་རྒན་གཞོན་ཚང་མས་མི་རིགས་ཀྱི་གཟབ་མཆོར་སྤྲས་པ་དང་གླུ་ལེན་གར་འཁྲབ་ཀྱིས་བི་ཤུ་ར་བར་བསྐྱོད་དེ་མདའ་རྩལ་འགྲན་པར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བི་ཤུའི་ཤུ་སྒྲ་ས་མཐོར་གྲགས་སྐབས་དེ་ནི་འབེན་ལ་འཕངས་པའི་མདའ་ཙམ་མ་ཟད། ཡངས་ཤིང་རྒྱ་ཆེ་བའི་འབྱུང་འགྱུར་ཕྱོགས་སུ་འཕངས་པའི་རིག་གནས་ཀྱི་ཕོ་ཉ་ཞིག་དེ་བས་ཀྱང་རེད། “གླུ་ལེན་ཤེས་པའི་མདའ་མོ”འདིས་སྲོལ་རྒྱུན་གྱི་རིག་གནས་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་གནམ་སར་ཁྲིད་པ་དང་། དེ་ཉིད་དུས་རབས་གསར་པར་གསོན་ཤུགས་ཆེན་པོ་རྒྱས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།