མཚོ་སྔོན་གྱི་སྒོ་ཕྱུགས་ཁྱིམ་བྱའི་རྒྱུད་ཁུངས་སྲུང་སྐྱོང་ལས་དོན་ལ་ཁྱབ་ཁོངས་རང་བཞིན་གྱི་ཚད་བརྒལ་བྱུང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། མཚོ་སྔོན་གྱིས་ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། “ཐོན་ཁུངས་མཐིལ་རྟོགས་དང་། རྒྱུད་གཞི་སྔོག་འདོན། སོན་རྨང་བརྟན་གཏོང”བཅས་ཀྱི་ལྟེ་བའི་དམིགས་ཚད་ལ་གཞིགས་ནས། སྒོ་ཕྱུགས་ཁྱིམ་བྱའི་རྒྱུད་ཁུངས་སྲུང་སྐྱོང་ལས་དོན་ལ་ཁྱབ་ཁོངས་རང་བཞིན་གྱི་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་སྒོ་ཕྱུགས་ཁྱིམ་བྱའི་རྒྱུད་ཁུངས་ཁྱབ་ཁོངས་ཡོངས་བཤེར་ཐོག་མར་ལེགས་གྲུབ་བྱུང་བ་དང་། ས་གནས་མང་པོའི་སྣ་ཁ་རྒྱལ་ཁབ་རིམ་པའི་མིང་གཞུང་ནང་བདམས་ནས་སྲུང་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་སོང་བ་མ་ཟད། རྟ་ཁོངས་སྲོག་ཆགས་ཀྱི་ཁུ་བ་འཁྱགས་གཏོང་དང་བོད་ལུག་སྦྲུམ་རྟེན་སོགས་ལག་རྩལ་ཁྱབ་ཁོངས་སུ་ཚད་བརྒལ་བྱུང་སྟེ། མཚོ་སྔོན་ལ་འབྱུང་འཕྲོད་དང་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་ས་གནས་ཀྱི་སྣ་ཁ་23དང་གསོ་སྤེལ་སྣ་ཁ་5《རྒྱལ་ཁབ་ཀྱི་སྒོ་ཕྱུགས་ཁྱིམ་བྱའི་རྒྱུད་ཁུངས་ཀྱི་སྣ་ཁའི་མིང་གཞུང》ནང་བཅུག་ནས་ཐོན་ཁུངས་བང་མཛོད་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་ཡོད། གླེང་རིན་ཡོད་པ་ཞིག་ལ། ད་ལོ་ནས་བཟུང་མདོ་ལའི་ནོར་གནག་ལ་རྒྱལ་ཁབ་ཀྱི་ས་ཡུལ་དངོས་ཀྱི་ཞིབ་དཔྱད་ཐོབ་པ་དང་ཆུ་དམར་ལུག་ཁྲ་ཁྲོམ་ལུག་གི་རེ་ཞུའི་དཔྱད་ཡིག་ལ་ཡིག་ཐོག་ཞིབ་བཤེར་བྱུང་བ་དང་འབྲེལ་ས་ཡུལ་དངོས་ཀྱི་ཞིབ་དཔྱད་དུས་མཚམས་སུའང་སླེབས་ཤིང་། སྔོན་དཔག་བྱས་ན་རྒྱལ་ཁབ་ཀྱི་མིང་གཞུང་ནང་བདམས་པའི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཀྱི་སྣ་ཁ30ལས་བརྒལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།