དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་ཀེན་ཐིན་དབར་གྱི་ཐད་འཕུར་མཁའ་ལམ་ཐོག་མ་ཤར་གཏོང་ཐུབ་ནས་གོ་ལ་ཧྲིལ་པོའི་ཕྱོགས་རྐྱང་པའི་མཁའ་ལམ་རིང་ཤོས་ཀྱི་ཟིན་ཐོ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-16

    ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་MU745ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིའི་ཨེ་སའེ་སཱ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་ལས་ཀྲུང་གོ་དང་ཨ་ཀེན་ཐིན་དབར་གྱི་ཐད་འཕུར་མཁའ་ལམ་ཐོག་མ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།

    དུས་གཏན་གནམ་གྲུ་MU745ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཞིང་། ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཨོ་ཁེ་ལན་གྲོང་ཁྱེར་དུ་ཆུ་ཚོད་2དང་སྐར་མ་25བསྡད་རྗེས་མཐར་པུ་དབྱི་ནོ་སི་ཨེ་རི་སིར་འབྱོར་གྱི་ཡོད། ལམ་བར་དུ་ཁྱོན་ཆུ་ཚོད་26ཙམ་འགོར་གྱི་ཡོད་ལ། ལམ་ཐག་ཧྲིལ་པོར་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཕྱོགས་རྐྱང་པའི་མཁའ་ལམ་རིང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད།

    འདི་ནི་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་MU745ཨེ་སའེ་སཱ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས“ཆུ་སྒོ”བརྒྱུད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།