དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་ཚོགས་འདུའི་ཐོག་འཆར་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་པ།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-16

    ཟླ་12ཚེས་12ཉིན་ནས་ཚེས་13ཉིན་བར། རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་སྒྱུར་བཅོས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཏོན་གནང་བའི“ངེས་པར་དུ་ལྔ”ཡི་ནང་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སང་ལོའི་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གཙོ་གནད་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས་པའི་ནན་བཤད་བྱས་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་བསྟར་ཡག་པོ་བྱེད་དགོས་ཤིང་། ཏང་ཀྲུང་དབྱང་གི་འཐབ་ཇུས་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། འཆར་འགོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། འཆར་འགོད་ཀྱི་ནང་དོན་ལ་ཞིབ་བཤེར་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་འགོའི》ནང་གཏན་འཁེལ་བྱས་པའི་ཐབས་ཇུས་བཀོད་སྒྲིག་དང་ལས་ཀའི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། དེ་དང་ཆབས་ཅིག་དཔལ་འབྱོར་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་སྒྲོམ་བུ་འཐུས་སྒོ་ཚང་དུ་གཏོང་བ། སྔོན་དཔག་དོ་དམ་ལ་ཤུགས་སྣོན་རྒྱག་པ། ད་ལོ་དང་སང་ལོའི་སྲིད་ཇུས་འབྲེལ་མཐུད་དང་ལས་དོན་འབྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་པ། སྲིད་ཇུས་ཀྱིས་སྔོན་ཚུད་ནས་ཤུགས་འདོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས།

    ཐབས་མང་མཉམ་སྤྱོད་ཀྱིས་མ་འཇོག་ཆག་ཚད་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། “གཙོ་གལ་གཉིས”འཛུགས་སྐྲུན་དང་གསར་འཕར་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སོགས་སྲིད་གཞུང་གི་མ་འཇོག་མ་དངུལ་སྣ་ཚོགས་ཀྱི་ནུས་པ་གང་ལེགས་འདོན་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནས་མ་དངུལ་འཇོག་པའི་གཞི་ཁྱོན་ཆེ་རུ་འོས་འཚམ་གཏོང་བ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པའི་ནུས་པ་མུ་མཐུད་འདོན་པ་བཅས་བྱས་ཏེ། མ་དངུལ་འཇོག་པའི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ལོ་ལྔ་ཚན་བཅོ་ལྔ་པར”ཕྱོགས་ནས་གཙོ་གནད་ལས་གྲྭའི་རྣམ་གྲངས་ཇུས་འགོད་དང་ལག་བསྟར་བྱེད་དགོས། མ་དངུལ་འཇོག་པའི་སྒྲིག་སྲོལ་སྔར་བས་ཁ་གསལ་དུ་གཏོང་བ་དང་། དུས་འགོའི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་པ། མ་དངུལ་འཇོག་པའི་རྣམ་གྲངས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་ཁྲོད་མ་འཇོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་ལག་ལེན་གཏིང་ཟབ་བསྟར་ནས་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་འཕེལ་བར་བྱེད་དགོས།

    འཛད་སྤྱོད་བྱེད་རྒྱ་ཆེ་རུ་འགྲོ་བར་ཐབས་ཇུས་གནད་འཁེལ་དང་གསར་པ་འདོན་དགོས་ཤིང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ལ་ཞབས་འདེགས་ཞུ་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། འཛད་སྤྱོད་ཁྱབ་ཁོངས་ཀྱི་ལུགས་མཐུན་མིན་པའི་ཚོད་འཛིན་བྱ་ཐབས་མགྱོགས་མྱུར་གཙང་མ་བཟོ་བ་བཅས་བྱས་ཏེ། འཛད་སྤྱོད་མཁོ་སྤྲོད་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

    “ནང་རྨུག་རྣམ་པའི”འགྲན་རྩོད་ཕྱོགས་བསྡུས་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་དགོས་ཤིང་། གཙོ་གནད་ལས་རིགས་ཀྱི་ཐོན་ནུས་བཅོས་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་སྙོམས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་ཤུགས་ཆེན་གཏོང་བ། གསར་དར་ཀ་རྟེན་ཐོན་ལས་ཁག་གཅིག་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། “མི་ཐབས་རིག་ནུས་+”བྱ་སྤྱོད་རྒྱ་སྐྱེད་གཏིང་ཟབ་གཏོང་བ། ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཞན་ཆ་སེལ་བ། དམའ་དབྱིངས་དཔལ་འབྱོར་ཐོན་ལས་ཀྱི་ཁོར་ཡུག་ལེགས་བཅོས་བཅས་བྱས་ཏེ། གྲངས་འཛིན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

    ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་ཤིང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུུན་སྲོལ་ཡིག་ཞིབ་འཇུག་བྱས་ནས་བཟོས་ཏེ། “ཞུགས་འཐུས་དང་། རྣམ་པ། གཙོ་རྒྱུ་བཅས་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཚོང་འགུགས་མ་འདྲེན་དང་འོས་སྐུལ་འོས་འབོད་སོགས་ཐད་ཀྱི་གཙོ་གནད་གནད་དོན་བཅོས་སྒྲིག་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་བཀག་རྒྱ་དང་འགལ་རྐྱེན་སྣ་ཚོགས་མཐའ་གཅིག་ཏུ་སེལ་དགོས། དམངས་གཉེར་དཔལ་འབྱོར་དེ་བས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དམངས་གཉེར་དཔལ་འབྱོར་སྐུལ་འདེད་ཐད་བཅའ་ཁྲིམས་ཀྱི་ལྷན་སྦྱར་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

    ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས་ཤིང་། ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་བ་དང་། “ནང་དུ་འདྲེན་པ”དང“ཕྱིར་གཏོང་བའི”ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    “ཐཱན་གཉིས”སྣེ་ཁྲིད་དུ་བྱས་ནས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ཐཱན་འབུད་ཚད་ཀྱི་སྤྱི་འབོར་དང་ཤུགས་ཚད་གཉིས་ཀ་ཚོད་འཛིན་ལམ་ལུགས་ལག་ལེན་བརྟན་པོ་བསྟར་ནས་ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གདེང་འཇོག་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། གསར་འཕར“གཉིས་མཐོའི”རྣམ་གྲངས་ཚོད་འཛིན་ནན་པོ་བཅས་བྱེད་དགོས།

    ལས་ཞུགས་འགན་སྲུང་དང་དམངས་འཚོ་ལེགས་གཏོང་བྱེད་ཤུགས་དེ་བས་ཆེ་རུ་གཏོང་དགོས་ཤིང་། ཐབས་ལམ་མང་པོ་ནས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དམངས་འཚོའི་ཚོང་ཟོག་གི་གྲངས་འབོར་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བཅས་བྱས་ཏེ་དམངས་འཚོའི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་དགོས།

    མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སྤྱི་འདོམས་ཇུས་འགོད་བྱས་ཏེ་མི་འབོར་གྱི་འགྱུར་ལྡོག་དང་འཚམ་པའི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་མགྱོགས་མྱུར་བཏང་ནས་སློབ་གསོའི་ཐོན་ཁུངས་སྔོན་ཚུད་ནས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།

    གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་དབར་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རིགས་དབྱེ་གོ་རིམ་ལྡན་པ་དང་ཡུག་ཁུལ་ཅན་གྱི་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམིགས་བསལ་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

    འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་བ་དང་ནུས་རྒྱུ་ཐོན་སྐྱེད་དང་། མཁོ་སྤྲོད། གསོག་འཇོག འཚོང་བ་བཅས་ཀྱི་མ་ལག་སྐྲུན་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ཧུར་ཐག་སེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།