དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་10ཡི་རིང“གངས་རྒོད་601”རྟགས་ཅན་གནམ་གྲུ་འཕུར་སྐྱོད་ཀྱི་ལམ་ཐག་སྤྱི་ལེ་ཁྲི་80ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-16

    འདི་ནི“གངས་རྒོད་601”རྟགས་ཅན་གནམ་གྲུ་ཡིན་པ། (ཀྲུང་གོ་གླིང་སྣེ་ཞིབ་འཇུག་ལྟེ་གནས་ཀྱིས་པར་མཁོ་འདོན་བྱས)

    ཀྲུང་གོའི་གླིང་སྣེའི་གཏན་འཇགས་གཤོག་པའི་གནམ་གྲུ་ཐོག་མ་སྟེ། “གངས་རྒོད་601”རྟགས་ཅན་འཕུར་འགོ་ཚུགས་ནས་ལོ་10སོང་བ་དང་། རིམ་རྩིས་བརྒྱབ་ན། ཆུ་ཚོད་2500ལྷག་ཙམ་འཕུར་བར་འཕུར་སྐྱོད་ལམ་ཐག་སྤྱི་ལེ་ཁྲི་80ཙམ་ཟིན་ཞིང་། དེ་ནི་ཐིག་དམར་ལ་ཐེངས་20བསྐོར་བ་དང་མཚུངས་པས། ལྷོ་སྣེའི་ཚན་རིག་རྟོག་ཞིབ་ལ་ཕྱོགས་གང་ས་ཅི་ཐད་ནས་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    ལོ་10ཡི་རིང་། “གངས་རྒོད་601”རྟགས་ཅན་གནམ་གྲུས་འཁུར་བའི་ལས་འགན་དེ་སྐྱེལ་འདྲེན་རྐྱང་པ་ནས་མཁའ་འགྲུལ་ཚན་རིག་བརྟག་ཞིབ་དང་། རྒྱལ་སྤྱིའི་མཉམ་ལས། འཕྲལ་སྡོམ་རོགས་སྐྱོབ་སོགས་བར་མང་དུ་ཕྱིན་ཡོད་ཅིང་། དེ་ལས་ཀྲུང་གོའི་གླིང་སྣེའི་མཁའ་འགྲུལ་གྱི་འགན་སྲུང་ནུས་པར་ངོ་བོའི་འགྱུར་ལྡོག་གཏིང་ཟབ་བྱུང་བ་མཚོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།