དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་གློག་བརྙན་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་500ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-12-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གློག་བརྙན་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་12ཚེས་13ཉིན་གྱི་ཆུ་ཚོད་14དང་སྐར་མ་30བར། 2025ལོར་རང་རྒྱལ་གྱི་གློག་བརྙན་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་500.03དང་གློག་བརྙན་ལྟ་མཁན་མི་ཐེངས་དུང་ཕྱུར་11.94ཟིན་ཡོད། དེའི་ནང་རང་རྒྱལ་གྱི་གློག་བརྙན་སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་409.52ཟིན་ནས་ཐོབ་སྐལ་81.90%ཟིན་ཡོད་པ་རེད།

    མིག་སྔར། ལོ་ཧྲིལ་པོའི་ནང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་ཟིན་པའི་གློག་བརྙན་ཁག་50ཡོད་པར། རང་རྒྱལ་གྱི་གློག་བརྙན་ཁག་33དང་ཕྱི་རྒྱལ་གྱི་གློག་བརྙན་ཁག་17ཡོད། 《བདུད་ཕྲུག་ནོ་ཏྲས་རྒྱ་མཚོ་དཀྲུགས་པ》དང་། 《རྒྱ་སྡེའི་ཁྲོམ་གཞུང་གི་མྱུལ་ཞིབ་པ་1900》 《འཁྲུག་ཆ་དོད་པའི་སྲོག་ཆགས་གྲོང་ལེའུ་གཉིས་པ》 《ནན་ཅིང་པར་ཁང》 《731》བཅས་ནི་སྤ་སེ་བཙོངས་ཚད་མིང་གྲལ་གྱི་ཨང་དང་པོ་ནས་ལྔ་པ་བར་ཡིན་པ་རེད།

    སྤྱི་ཡོངས་ནས་བལྟས་ན། ད་ལོ་རང་རྒྱལ་གྱིས་བཏོན་པའི་གློག་བརྙན་གྱི་བརྗོད་དོན་སྣ་མང་དང་རིགས་ཕུན་སུམ་ཚོགས་པ་དང་། བརྗོད་དོན་གཙོ་བོའི་གློག་བརྙན་དང་འགུལ་རིས་གློག་བརྙན་སོགས་ལྟ་མཁན་མང་པོ་བྱུང་ནས། རྒྱ་ཆེའི་ལྟད་མོ་བའི་བསམ་པའི་རིག་གནས་འཚོ་བ་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།