རང་རྒྱལ་གྱི་ཆུ་གཏིང་སྣུམ་ཞིང་ཐོག་མའི་གསར་སྤེལ་རྣམ་གྲངས་ཐེངས་གཉིས་པ་ནས་སྣུམ་འཐེན་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སིས་ཁྱབ་བསྒྲགས་བྱས་པར། རང་རྒྱལ་གྱི་ཆུ་གཏིང་སྣུམ་ཞིང་ཐོག་མ་སྟེ། ལིའུ་ཧྭ་སྣུམ་ཞིང་གསར་སྤེལ་རྣམ་གྲངས་ཐེངས་གཉིས་པ་ནས་སྣུམ་འཐེན་འགོ་ཚུགས་པ་དེ་ཐོག་ནས་རང་རྒྱལ་གྱི་ཆུ་གཏིང་སྣུམ་གྱི་གསར་སྤེལ་ཁྱབ་ཁོངས་ལ་མཆོང་སྐྱོད་ཆེན་པོ་བྱུང་བ་མཚོན་ཡོད།
ལིའུ་ཧྭ་སྣུམ་ཞིང་ནི་རང་རྒྱལ་གྱི་ཆུ་གཏིང་སྣུམ་ཞིང་ཐོག་མ་དེ་རེད་ལ། རང་རྒྱལ་གྱི་མཚོ་ཐོག་ནས་རྩད་ཞིབ་ཐུབ་པའི་ས་འོག་གི་གསོག་ཚད་ཆེ་ཤོས་ཀྱི་ཆུ་འོག་བྲག་རྡོའི་སྣུམ་ཞིང་ཞིག་ཀྱང་རེད། 1996ལོར་སྣུམ་འཐེན་འགོ་ཚུགས་པ་ནས་ད་བར། རིམ་རྩིས་བརྒྱབ་ན། མ་བཅོས་རྡོ་སྣུམ་ཏུན་ཁྲི་2000འཐེན་ཟིན་ཡང་རྒྱ་མཚོའི་གཏིང་དུ་ད་དུང་ཡང་མ་བཅོས་རྡོ་སྣུམ་ཏུན་དུང་ཕྱུར་1.4ཡོད་པ་རེད།
ལིའུ་ཧྭ་སྣུམ་ཞིང་གསར་སྤེལ་རྣམ་གྲངས་ཐེངས་གཉིས་པ་ནི་རང་རྒྱལ་གྱི་ཀྲུའུ་ཅང་ཁོའུ་གཤོངས་སར་ཡོད་པ་དེ་ལིའུ་ཧྭ་11—1དང་4—1བཅས་སྣུམ་ཞིང་གཉིས་ལས་གྲུབ་ཅིང་། ཁུལ་ཁོངས་ཀྱི་ཆུའི་ཆ་སྙོམས་གཏིང་ཚད་སྨི་305ཙམ་ཡོད་པ་དང་སྣུམ་འཐེན་ཁྲོན་པ་32ཇུས་འགོད་བྱས་ཡོད། ན་ནིང་ཟླ་དགུ་པར་ཐོག་མར་ཆོག་མཆན་ཐོབ་པ་དང་སྤྱོད་འགོ་ཚུགས་ཚུན་ཉིན་རེར་མ་བཅོས་རྡོ་སྣུམ་ཏུན་3900འཐེན་ཐུབ་ནས་ཐོན་ནུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།