དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་མི་ཐབས་རིག་ནུས་ཀྱི་ཐོན་ལས་གཙོ་བོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་རེ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-16

    གསར་འགོད་པར་ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། 2024ལོར་རང་རྒྱལ་གྱི་མི་ཐབས་རིག་ནུས་ཀྱི་ཐོན་ལས་གཙོ་བོའི་ཡོང་འབབ་སྒོར་དུང་ཕྱུར་9000ལྷག་ཙམ་དང་འཕར་ཚད་24%ཟིན་ཡོད། ཚོད་དཔག་བྱས་པར་གཞིགས་ན། 2025ལོའི་མི་ཐབས་རིག་ནུས་ཀྱི་ཐོན་ལས་གཙོ་བོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་1.2ལས་བརྒལ་རེ་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ད་ལོ་ནས་བཟུང་། ཐོན་སྐྱེད་བཟོ་སྐྲུན་ལྷུ་ཚིགས་ཀྱི་གཞི་ཁྱོན་ཆེན་པོའི་ཉེར་སྤྱོད་ཀྱི་འཕར་ཚད་མངོན་གསལ་དོད་པ་དང་། ཉེར་སྤྱོད་དཔེ་མཚོན་གྱི་བསྡུར་ཚད་ན་ནིང་གི་19.9%ནས་ད་ལོའི་25.9%བར་འཕར་ནས་མི་ཐབས་རིག་ནུས་ཐོན་ལས་ཀྱི་ཡོང་འབབ་གང་མགྱོགས་འཕར་བར་སྐུལ་ཁྲིད་ཐུབ་ཡོད།

    ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་བརྗོད་དོན། ད་ལོ་ཚུན་དུ་སྐད་བརྡ་དང་དཔེ་རྣམ་མང་པོའི་བསམ་ཤེས་བྱེད་ནུས་ཐད་ཀྱི་དཔེ་དབྱིབས་ཆེན་པོའི་ནུས་པ་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། མིག་སྔར་རྒྱལ་ཡོངས་སུ་གྲངས་གཞི་འཚོལ་བསྡུ་ཁང་27བསྐྲུན་ནས་གཟུགས་ཅན་རིག་ནུས་ཀྱི་དཔེ་དབྱིབས་སྦྱོང་བརྡར་ལ་རིན་ཐང་མཐོ་བའི་གྲངས་གཞི་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།