ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གཙང་ཤོད་ཤང་རྟ་རྭ་གྲོང་ཚོར།
ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཕྱག་རྟགས་འབྱོར་བ།

འདི་ནི་རྟ་རྭ་གྲོང་ཚོའི་མང་ཚོགས་ཚོས་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་ཕྱག་རྟགས་ལེན་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གཙང་སྟོད་ཤང་རྟ་རྭ་གྲོང་ཚོར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་ཕྱག་རྟགས་འབྱོར་བར་མང་ཚོགས་ཚང་མ་དགའ་བ་འབུམ་གྱིས་མྱོས་ནས་དགའ་སྟོན་རྟེན་འབྲེལ་ཞུ་ཆེད། མངོན་མིན་རིག་གནས་ཤུལ་བཞག་རྟ་རྭའི་བྲོ་རྒྱུན་འཛིན་པ་གཙོ་བོ་དང་། དེང་དུས་ཀྱི་ཞབས་བྲོ། གཞོན་ནུའི་ལག་རྩེད་སྤོ་ལོ་སོགས་ཀྱི་འགྲན་བསྡུར་འཁྲུག་ཆ་དོད་པོ་བྱས་ཤིང་། ལག་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཨང་དང་པོ་བྲག་མགོ་ཙུའུ་དང་། ཨང་གཉིས་པ་དབུ་ཟན་ཙུའུ། ཨང་གསུམ་པ་སྐར་མདའ་ཙུའུ་བཅས་ཁག་སོ་སོར་ཐོབ་པ་རེད།
ཡུལ་མི་ཚེ་རིང་མགོན་པོས། དེ་རིང་ང་ལ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་ཕྱག་རྟགས་ཇ་བསྲུའི་འཕྲུལ་ཆས་རག་བྱུང་བས། སེམས་གཏིང་ནས་དགའ་པོ་བྱུང་། གང་ལགས་ཤེ་ན། ཇ་བསྲུའི་འཕྲུལ་ཆས་འདིར་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་མ་ཟད། མིག་ལ་མཛེས་ཤིང་བཟོ་ལྟའང་སྙིང་རྗེ་པོ་འདུག དེས་མ་ཚད་ཀྲུང་དབྱང་གིས་བོད་ཀྱི་མི་དམངས་ལ་བཅངས་པའི་བརྩེ་སེམས་ཀྱང་མཚོན་ཡོད། འདིར་གུས་པས་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་བདེ་ལ་འཁོད་པའི་བཀྲ་ཤིས་སྨོན་འདུན་ཡང་ཞུ་གི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།