རང་ལྗོངས་ཀྱི་སྐབས་དང་པོའི་BIMལག་རྩལ་བཀོལ་སྤྱོད་འགྲན་བསྡུར་ཆེན་པོ་ལྷ་སར་འགོ་ཚུགས་པ།
ཉེ་ཆར“2025ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་BIMལག་རྩལ་བཀོལ་སྤྱོད་འགྲན་བསྡུར་ཆེན་པོ”ལྷ་སར་དངོས་སུ་འགོ་ཚུགས་པ་ལས་བོད་ཀྱི་བཟོ་སྐྲུན་ལས་རིགས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལག་ལེན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
ད་རེས་ཀྱི་རང་ལྗོངས་ཀྱི་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་BIM(བཟོ་སྐྲུན་ཆ་འཕྲིན་དཔེ་དབྱིབས)ལག་རྩལ་ལྟེ་བར་བྱེད་པའི་ཆེད་དོན་འགྲན་བསྡུར་ཐེངས་དང་པོར་ལྗོངས་ནང་ཁུལ་གྱི་བཟོ་སྐྲུན་ཁེ་ལས་མང་པོ་ཞུགས་པ་དང་། འགྲན་ཞུགས་རྣམ་གྲངས་ལས་BIMལག་རྩལ་དེ་ལས་གྲྭའི་ཇུས་འགོད་དང་། ཨར་ལས་དོ་དམ་ཚོད་འཛིན། བཀོལ་སྤྱོད་བདག་སྐྱོང་དོ་དམ་སོགས་ཐད་སྤྱད་པའི་བཀོལ་སྤྱོད་གྲུབ་འབྲས་གཅིག་སྡུད་མངོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་ནི་བོད་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་BIMལག་རྩལ་བཀོལ་སྤྱོད་གྲུབ་འབྲས་ལ་གཅིག་སྡུད་ཞིབ་བཤེར་ཐེངས་གཅིག་བྱས་པ་ཞིག་ཡིན་ལ། ལག་རྩལ་སྤེལ་རེས་དང་གཞོགས་འདེགས་ཀྱི་ལས་སྟེགས་གལ་ཆེན་ཞིག་དེ་བས་བཏོད་ཡོད་པས། བོད་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། གྲངས་འཛིན་ཅན་གྱི་ཡོ་བྱད་ལ་བརྟེན་ནས་བོད་ཀྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བར་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་བཟོ་སྐྲུན་གྱི་སྟོབས་ཤུགས་དེ་བས་ཆེན་པོ་ལེགས་སྐྱེས་འབུལ་རེ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།