དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2025ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་སླར་ཡང་མཐོ་རུ་ཕྱིན་པ།

    ལོ་11བསྟུད་མར་ཏུན་ཁྲི་བརྒྱ་ཡན་བརྟན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-16

    2025ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་མུ་མཐུད་མཐོ་རུ་ཕྱིན་ཞིང་། སྤྱིའི་ཐོན་ཚད་ཏུན་ཁྲི་115ཟིན་པ་དེ་2024ལོ་དང་བསྡུར་ན་ཏུན་ཁྲི་2.05འཕར་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། དེ་ནི་2015ལོར་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ལོ་རྒྱུས་རང་བཞིན་གྱི་ཏུན་ཁྲི་100ལས་བརྒལ་བ་ནས་བཟུང་། བསྟུད་མར་ལོ་བཅུ་གཅིག་ལ་ཏུན་ཁྲི་100ཡན་བརྟན་འཁྱོངས་ཐུབ་པ་དང་། དེ་ལས་བོད་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་གྱི་ཡོད།

    2025ལོ་ཚུན་དུ། རང་ལྗོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས“འབྲུ་རིགས་ཐོན་འབབ་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་སྟོབས་ཆེ”བཅས་ཀྱི་ཞིང་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ“ཞིང་བརྟེན་འབྲུ་གསོག་དང་། རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲུ་རིགས་འགན་ལེན་དང་ཐོན་འཕར་གྱི་འགག་རྩའི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ནས་འབྲུ་རིགས་ཐོན་འབབ་ཡག་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོ་ལྗོངས་ཡོངས་སུ་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་302.4ཟིན་པ་དེ་2024ལོ་ལས་མུའུ་ཁྲི་3.3མང་དུ་ཕྱིན་ནས་ཐོན་ཚད་མཐོ་རུ་གཏོང་བར་ས་ཁྱོན་གྱི་འགན་ལེན་གང་ལེགས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།