ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ནུབ་རྒྱུད་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེན་པོ་རིམ་པ་བརྒྱད་ཡས་མས་རྒྱག་རྒྱུ་རེད་འདུག
ཟླ་12ཚེས་14ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་ཟླ་12པའི་དུས་དཀྱིལ་གྱི་གནམ་གཤིས་སྔོན་བརྡ་བཏང་བ་དང་སྔོན་དཔག་བྱས་ན་ཚེས་14ནས་17ཉིན་བར་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ཆར་ཆུ་ཡུད་ཙམ་འབབ་རྒྱུ་དང་ཚེས་18ཉིན་གྱི་རྗེས་སུ་གནམ་དྭངས་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ་དང་སྐབས་འགར་སྤྲིན་པ་ཉུང་ཉུང་འཁོར་རྒྱུ། མ་འོངས་ཉིན་བཅུའི་ནང་དྲོད་ཚད་འཕར་ཆག་ཆེ་བ་མ་ཟད་ཚེས་16ནས་18ཉིན་བར་ནུབ་ནས་ཤར་དུ་དྲོད་ཚད་ཅུང་ཟད་ཆག་རྒྱུ་རེད། ཚེས་20ཉིན་གྱི་རྗེས་སུ་ལྷགས་པ་རྒྱག་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ནུབ་རྒྱུད་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེན་པོ་རིམ་པ་བརྒྱད་ཡས་མས་རྒྱག་རྒྱུ་རེད་འདུག
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་12ཚེས་14ནས་17ཉིན་བར། ཆབ་མདོ་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་ཤར་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། ཚེས་16ནས་18ཉིན་བར། རང་ལྗོངས་ཀྱི་ས་ཆ་ཕལ་ཆེ་བར་དྲོད་ཚད་ཅུང་ཟད་ཆག་རྒྱུ་ཡིན་ཞིང་། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ནུབ་རྒྱུད་བཅས་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེན་པོ་རིམ་པ་བདུན་ཡས་མས་རྒྱག་རྒྱུ་རེད།
ཟླ་12ཚེས་18ནས་23ཉིན་བར། ཉིང་ཁྲི་དང་། ཆབ་མདོ། ལྷོ་ཁ་བཅས་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་རེད། ཚེས་20ནས་23ཉིན་བར། ལྷགས་པ་རྒྱག་ཤུགས་ཅུང་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ལྷོ་ཁའི་ནུབ་རྒྱུད་བཅས་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེན་པོ་རིམ་པ་བརྒྱད་ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་ཐོལ་རླུང་རིམ་པ་བཞི་ཡས་མས་རྒྱག་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།