ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་ཆུ་སྨི་ངོས་གྲུ་དུང་ཕྱུར་845ལྷག་ཙམ་དྲངས་པ།

འདི་ནི་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཞི་ཁྲོན་རྫོང་ཅིའུ་ཁྲུང་གྲོང་རྡལ་ཏན་ཅང་ཁོའུ་ཆུ་མཛོད་ཀྱི་ཆུ་ལྷོ་ཆུ་བྱང་འདྲེན་གྱི་དཀྱིལ་ལམ་ལས་གྲྭ་བརྒྱུད་ཆུ་འདྲེན་ཡུལ་གྲོང་ཁྱེར་ཁག་ཏུ་རྒྱུག་བཞིན་པ།
གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭར་ཕྱོགས་ཡོངས་ནས་ཆུ་འདྲེན་ཐུབ་ཚུན་གྱི་ལོ་11རིང་། རིམ་རྩིས་བརྒྱབ་ན་ཆུ་སྨི་ངོས་གྲུ་དུང་ཕྱུར་845ལྷག་ཙམ་དྲངས་པ་དང་། གྲོང་ཁྱེར་ཆེ་འབྲིང་48ཀྱི་མི་དུང་ཕྱུར་1.95ལ་ཕན་པ་ཐོབ་ནས། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།