དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ས་མཐོའི་སྟོངས་ལ་ཉེ་བའི་ཁེ་ལུང་བ་གླང་འཚར་ལོངས་ཡག་པོ་ཡོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-12-15

    འདི་ནི་བོད་ལྗོངས་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས)ཆུ་ཤུར་ཚོད་ལྟའི་ས་ཚིགས་ཡིན་པ།

    འདི་ནི་བོད་རང་སྐྱོང་ལྗོངས་སྲོག་ཆགས་ནད་རིམས་སྔོན་འགོག་ཚོད་འཛིན་ལྟེ་གནས(ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས)ཆུ་ཤུར་ཚོད་ལྟའི་ས་ཚིགས་སུ་ལས་མིས་ཁེ་ལུང་ལག་རྩལ་ལ་བརྟེན་ནས་རྒྱུད་འཕེལ་བྱས་པའི་འགྲམ་བ་གླང་གི་བེའུ་ཡི་ཤ་ཤེད་ལ་ལྟ་བཞིན་པ།

    འདི་ནི་བོད་ལྗོངས་སྲོག་ཆགས་ནད་རིམས་སྔོན་འགོག་ཚོད་འཛིན་ལྟེ་གནས(ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས)ཆུ་ཤུར་ཚོད་ལྟའི་ས་ཚིགས་ཀྱི་ཕྱུགས་རའི་ནང་གི་ཁེ་ལུང་ལག་རྩལ་ལ་བརྟེན་ནས་རྒྱུད་འཕེལ་བྱས་པའི་འགྲམ་བ་གླང་གི་བེའུ་ཡིན་པ།

    ལྷ་ས་སྐྱིད་ཆུའི་འགྲམ་དུ་གནས་པའི་བོད་ལྗོངས་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས)ཆུ་ཤུར་ཚོད་ལྟའི་ས་ཚིགས་ཀྱི་ཕྱུགས་རའི་ནང་། སྐབས་འགར་རྩྭ་ཆུར་རོལ་ཞིང་། སྐབས་འགར་ལྷོད་ལ་བབས་པའི་བེའུ་ནག་ཐོད་དཀར་དེ་ནི་ཚན་ཞིབ་ཚོགས་པས་བོད་དུ་ཁེ་ལུང་ལག་རྩལ་ལ་བརྟེན་ནས་རྒྱུད་འཕེལ་བྱས་པའི་འགྲམ་བ་གླང་གི་བེའུ་ཡིན་པ་རེད།

    འགྲམ་བ་གླང་ནི་བོད་ཀྱི་རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་ཁྱད་ལྡན་སྒོ་ཕྱུགས་ཀྱི་རིགས་རྒྱུད་ཐོན་ཁུངས་ཤིག་ཡིན་ཞིང་། 2021ལོའི་རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཡོངས་བཤེར་ཐེངས་གསུམ་པ་བྱེད་སྐབས། གཞི་རྩེ་གྲོང་ཁྱེར་གཉའ་ནང་རྫོང་འགྲམ་གྲོང་རྡལ་དུ་བ་གླང་དེའི་རིགས་རྒྱུད་མགོ་གྲངས་19ལས་མེད་པ་གཏན་འཁེལ་བྱུང་ནས་སྟོངས་ཉེན་ཤིན་ཏུ་ཆེ་བས། འཚོ་གནས་བྱ་ཡུལ་གྱི་སྲུང་སྐྱོབ་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་ཡོད་པ་རེད།

    སྟོངས་ཉེར་ཡོད་པའི་བ་གླང་གི་རིགས་རྒྱུད་དེ་ས་ཆ་དེ་གར་རྒྱུད་འཕེལ་ཐུབ་ཚད་འཚོལ་ཞིབ་བྱ་ཆེད། ད་ལོ་ཚན་ཞིབ་ཚོགས་པས་རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཆར་ཁེ་ལུང་བ་གླང་གི་རྒྱུད་འཕེལ་ཚོད་ལྟ་ཐོག་མ་བྱས་ཤིང་། ཟླ་5ཚེས་17ཉིན། ཁེ་ལུང་ལག་རྩལ་ལ་བརྟེན་ནས་རྒྱུད་འཕེལ་བྱས་པའི་འགྲམ་བ་གླང་གི་བེའུ་དེ་བོད་རང་སྐྱོང་ལྗོངས་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(ལྗོངས་འབྲོག་ལས་སྤྱི་ཁྱབ་ས་ཚིགས)ཆུ་ཤུར་ཚོད་ལྟའི་ས་ཚིགས་སུ་བདེ་བླག་ངང་སྐྱེས་པ་རེད།

    མིག་སྔར། ཁེ་ལུང་ལག་རྩལ་གྱི་ཚད་བརྒལ་དང་སྲུང་སྐྱོབ་བྱ་ཐབས་མང་པོའི་ཐུན་མོང་སྐུལ་འདེད་བརྒྱུད། འགྲམ་བ་གླང་གི་གྲངས་འབོར་སྔོན་ཆད་ཀྱི་མགོ་གྲངས་19ནས་ད་ཆའི་མགོ་གྲངས་37བར་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།