དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཐུས་མི་ཚོགས་པས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཐོག་འབྲས་བཟང་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-15

    འདི་ནི་ཟླ་12ཚེས་11ཉིན་བསོད་ནམས་རྒྱལ་མཚན་གྱིས་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྐྱེས་པའི་ལོ་16ནས་21བར་གྱི་ཚོགས་ཆུང་གི་སྨི་800ཡི་མཐའ་བསྡུར་གྱི་ཚོགས་ཆུང་7པའི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ།

    གསར་འགོད་པར་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་དུ་འཚོག་བཞིན་པའི་2025ལོའི་རྒྱལ་ཡོངས་དབང་སྐྱོན་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་12ཉིན་བར། བོད་ལྗོངས་འཐུས་མི་ཚོགས་པར་དམིགས་བསལ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་ཁྲོད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཅིང་། རིམ་རྩིས་བརྒྱབ་ན། གསེར་གྱི་རྟགས་མ་8དང་། དངུལ་གྱི་རྟགས་མ་15 ཟངས་ཀྱི་རྟགས་མ་5བཅས་ཐོབ་ཡོད་པ་རེད།

    ཉིན་ཤས་བསྟུད་མར། ཀྲུང་ཧྲན་གྲོང་ཁྱེར་ཤིང་ཀྲུང་ལུས་རྩལ་ཐང་ནས་གཏམ་བཟང་ཡང་ཡང་གྲགས་ཤིང་། རང་ལྗོངས་ཀྱི་ལུས་རྩལ་པ་རྣམས་ལ་རྣམ་གྲངས་མང་པོའི་ཁྲོད་ནས་གྲུབ་འབྲས་བཟང་པོ་ཐོབ་སྟེ་དཀའ་སྤྱད་སྙིང་རུས་ཀྱི་ལུས་རྩལ་སྙིང་སྟོབས་མངོན་ཡོད། དེའི་ནང་ལོ་11ལ་སླེབས་པའི་ལུས་རྩལ་པ་ཆུང་ཆུང་དངོས་སྒྲུབ་ཚེ་རིང་གིས་སྔ་རྗེས་སུ་སྐྱེས་པའི་ལོ་8ནས་11བར་གྱི་ཚོགས་ཆུང་གི་ལེ་ཆིའུ་སྤོ་ལོའི་རྣམ་གྲངས་དང་སྨི་50ཡི་མཐའ་བསྡུར་ནང་ཨང་དང་པོ་བླངས་པ་དང་མི་གཅིག་ལ་གསེར་གྱི་རྟགས་མ་2ཐོབ་ཡོད་པ་རེད།

    དེ་དང་འདྲ་བར་གསེར་གྱི་རྟགས་མ་གཉིས་ཐོབ་མཁན་གྲས་སུ་ད་དུང་ལོ་15ལ་སླེབས་པའི་བཀྲ་ཤིས་ཕུན་ཚོགས་དང་ལོ་11ལ་སླེབས་པའི་རིག་འཛིན་མཚོ་མོ་ཡོད། བཀྲ་ཤིས་ཕུན་ཚོགས་ཀྱིས་སྐྱེས་པའི་ལོ་12ནས་15བར་གྱི་ཚོགས་ཆུང་གི་སྨི་50ཡི་མཐའ་བསྡུར་ནང་ཨང་དང་པོ་བླངས་པ་མ་ཟད། ལོ་དེའི་ཚོགས་ཆུང་གི་ལེ་ཆིའུ་སྤོ་ལོའི་ཚོགས་ཆུང་3པའི་འགྲན་བསྡུར་ནང་སླར་ཡང་ཨང་དང་པོ་བླངས་པ་རེད། ལུས་རྩལ་པ་ཆུང་ཆུང་རིག་འཛིན་མཚོ་མོས་ཀྱང་དཔའ་མ་ཞུམ་པར་སྔ་རྗེས་སུ་བུད་མེད་ཀྱི་ལོ་8ནས་11བར་གྱི་ཚོགས་ཆུང་གི་སྨི་50དང་སོར་གནས་རྒྱང་མཆོང་གི་རྣམ་གྲངས་ནང་གསེར་གྱི་རྟགས་མ་བླངས་པ་རེད། གཞན་ཡང་བཀྲ་ཤིས་སྟོབས་རྒྱལ་དང་བསོད་ནམས་རྒྱལ་མཚན་གྱིས་ཀྱང་སྐྱེས་པའི་ལོ་8ནས་11བར་གྱི་ཚོགས་ཆུང་གི་སྨི་200ཡི་ཚོགས་ཆུང་3པ་དང་སྐྱེས་པའི་ལོ་16ནས་21བར་གྱི་ཚོགས་ཆུང་གི་སྨི་800ཡི་མཐའ་བསྡུར་གྱི་ཚོགས་ཆུང་7པའི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་རེད།

    “གྲུབ་འབྲས་དེ་དག་ཐོབ་དོན་ནི་ཕྲུ་གུ་ཚོས་དཀའ་སྤྱད་སྦྱོང་བརྡར་ཐེངས་མང་བྱས་པས་ལ་བྱུང་བ་ཞིག་རེད”ཅེས་རྩལ་ཁྲིད་པ་གསལ་སྒྲོན་གྱིས་རུ་མི་ཚོའི་གྲུབ་འབྲས་ལ་ལྟ་བཞིན་བརྗོད་པ་དང་། ཁོང་གིས“ཁོང་ཚོར་ད་རེས་ཀྱི་གྲུབ་འབྲས་འདི་འདྲ་ཐོབ་དུས་དངོས་འབྲེལ་དཀའ་ལས་རྒྱག་རིན་ཆོག་ཡོད”ཅེས་དགའ་ཚོར་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།