དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ཀྱི་སྤུས་ལེགས་ཐོན་རྫས་སི་ཁྲོན་དུ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-15

    འདི་ནི་བོད་ཀྱི་སྲོལ་རྒྱུན་ཟློས་གར་འཁྲབ་ཚན་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ཁྲེང་ཏུའུ་ཡི་གྲོང་མིས་བོད་ཀྱི་ཁྱད་ལྡན་ཚོང་ཟོག་ཉོ་བཞིན་པ།

    ཟླ་12ཚེས་12ཉིན། ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའུ་དང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་། བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་འདེད་ཅུས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་བོད་ཀྱི་2025ལོའི་རིག་གནས་ཡུལ་སྐོར་དང་ལྗང་མདོག་སྐྱེ་ཁམས་སྤུས་ལེགས་ཐོན་རྫས་ཀྱི་ཚོང་འདུས་ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་ཁོན་ཀྲའེ་སྲང་ལམ་ཐང་ཆེན་ཤར་མར་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཚོང་འདུས་ཐོག“ཡིད་དབང་འཕྲོག་པའི་བོད་ལྗོངས། སྤུས་ལེགས་ཐོན་རྫས་སི་ཁྲོན་དུ་འགྲེམས་སྟོན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། ཚོང་འདུས་ནང་བོད་ནས་ཡོང་བའི་མིང་གྲགས་དང་སྤུས་ལེགས་ཐོན་རྫས་ཀྱི་ཁེ་ལས་57དང་རིག་གནས་ཡུལ་སྐོར་དང་རིག་གནས་བསམ་བཀོད་ཁེ་ལས་37ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།