དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • “མེ་ཏོག་གི་དཔལ་འབྱོར”གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-15

    ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ལིང་ཧྲན་ཁྲོམ་གཞུང་གི་མེ་ཏོག་དྲོད་ཁང་ནང་མེ་ཏོག་འདེབས་མཁན་ཚོས་མེ་ཏོག་ལ་གཡོག་བྱེད་དང་ཕྱིར་ཚོང་གི་ལས་ལ་བྲེལ་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཅི་མོ་ཆུས་ལིང་ཧྲན་ཁྲོམ་གཞུང་གིས་ཡུལ་བབ་དང་བསྟུན་ནས་མེ་ཏོག་ཐོན་ལས་ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་སྟེ། “སྣེ་འདྲེན་ཁེ་ལས་དང་ཞིང་དུད་ཟུང་འབྲེལ”གྱི་ཞིང་འབྲེལ་དང་ཞིང་པར་སྣེ་ཁྲིད་ཀྱི་ལམ་སྲོལ་ལ་བརྟེན་ནས་མེ་ཏོག་འདེབས་འཛུགས་ཧུར་ཐག་བྱས་ཏེ་མཉམ་སྡེབ་སོན་གསོ་དང་། དེང་རབས་ཅན་གྱི་འདེབས་འཛུགས། དྲ་ཐོག་ནས་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ཚོང་རྣམ་པ་བཏོད་པ་མ་ཟད། ཞིང་པའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ་རེད།

    འདི་ནི་མེ་ཏོག་འདེབས་མཁན་ཞིང་པས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ལིང་ཧྲན་ཁྲོམ་གཞུང་གི་པའེ་དབྱི་མེ་ཏོག་འདེབས་འཛུགས་རྟེན་གཞིར་མེ་ཏོག་ལ་གཡོག་བྱེད་རྒྱུག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།