དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཁོང་ཚོ་འདི་གར་མུ་མཐུད་སྡོད་རྒྱུའི་རེ་བ་ཡོད”

    —— ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་དང་དབུལ་པོ་ཉུང་གཏོང་གི་མཉམ་ལས་རྣམ་གྲངས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་གྲོང་སྡེ་ཆུང་ངུར་ཕན་བདེ་བསྐྲུན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ལིའུ་ཧྥང་ཆང་།   |     སྤེལ་དུས།  2025-12-14

    འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་ཀེ་ཏི་ནུའོ་གྲོང་ཚོར་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དུས་ཐེངས་བཞི་པའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཧྲི་ཧུང(གཡས་ཀྱི་དང་པོ)གིས་ས་གནས་དེ་གའི་ཡུལ་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་ཀེ་ཏི་ནུའོ་གྲོང་ཚོར་ས་གནས་དེ་གའི་ཡུལ་མིས་ཀྲུང་གོས་ཞལ་འདེབས་བརྒྱབ་པའི་ཞིང་ལས་སྒྲིག་ཆས་དབོར་བཞིན་པ།

    འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་ཀེ་ཏི་ནུའོ་གྲོང་ཚོར་གྲོང་ཚོའི་འགན་འཁུར་བ་ཨཱ་སེ་ཧྥ·ཀུ་ཏི་སཱ(གཡས)ཡིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

    ཨ་སི་ནཱ་ཁེ་ཁྲེའི་ཁྱིམ་གྱི་སྒོ་རར་སྐྱོད་སྐབས་ཉ་རྫིང་དང་། བྱ་ཚང་། ཚལ་ཞིང་། འབྲས་ཤིང་བཅས་འདེབས་གསོ་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་མིག་མདུན་དུ་འཆར།

    ཨ་སི་ནཱ་ཁེ་ཁྲེ་ནི་ཨེ་ཙེ་ཨོ་ཕི་ཡའི་ཨའོ་ལུའོ་སྨི་ཡ་ཀྲོའུ་ཡི་ཀེ་ཏི་ནུའོ་གྲོང་ཚོ་ནས་ཡིན་ཞིང་། ཁོ་མོ་གཅིག་པུས་ཕྲུ་གུ་ལྔ་གསོ་སྐྱོང་བྱེད་ཀྱི་ཡོད། དེ་སྔ་ས་ཞིང་སྦར་མཐིལ་ཙམ་དུ་འབྲུ་རིགས་འདང་ངེས་ཤིག་བཏབ་ནས་ཁྱིམ་ཚང་གི་ལྟོ་གོས་འཕྱིད་ཐབས་བྱེད་པའི་ཐད་ཁོ་མོར་དཀའ་གནད་ཆེན་པོ་འཕྲད་ཀྱི་ཡོད། འོན་ཀྱང་། ད་ཆ་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཁྱབ་གདལ་བཏང་བའི་ཕྱོགས་བསྡུས་འདེབས་གསོ་བྱེད་སྟངས་ལས་ཁོ་མོར་རེ་བ་གསར་པ་མཐོང་ཡོད།

    “ཉ་རྫིང་ནས་ཚལ་ཞིང་དང་འབྲས་བུ་ཤིང་ལ་ཆུ་འདྲེན་ཐུབ་པ་དང་། བྱ་བྲུན་ནི་སྐྱེ་ལྡན་ལུད་ཡིན་པས་སྔོ་ཚལ་དང་འབྲས་བུ་ཤིང་ལ་ལུད་མཁོ་འདོན་བྱེད་ཐུབ། དེ་བཞིན་སྔོ་ཚལ་གྱི་ལོ་མ་བྱ་དེར་སྟེར་ཆོག་པས་སྐྱེ་ཁམས་ཕན་ཚུན་གཅིག་རམ་གཅིག་འདེགས་ཆགས་ཐུབ”ཅེས་ཨེ་ཙེ་ཨོ་ཕི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་དུས་ཐེངས་བཞི་པའི་མཐོ་རིམ་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཧྲེ་ཧུང་གིས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་ཁྱོན་ཁོངས་མི་8ཡོད་པ་དེ་དག་2024ལོའི་ཟླ་8པར་ཨེ་ཙེ་ཨོ་ཕི་ཡར་འབྱོར་ནས་རོགས་སྐྱོར་ལས་འགན་སྒྲུབ་འགོ་ཚུགས། 2025ལོའི་ཟླ་5པའི་ཟླ་མཇུག་ཏུ། ཨེ་ཙེ་ཨོ་ཕི་ཡ་ཞིང་ལས་པུའུ་དང་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་ཞིང་ལས་དང་དབུལ་པོ་ཉུང་གཏོང་གི་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་ཀེ་ཏི་ནུའོ་གྲོང་ཚོར་སྤེལ་འགོ་ཚུགས་ཤིང་། ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དཔྱད་གཞིར་འཛིན་ནས་ཨེ་ཙེ་ཨོ་ཕི་ཡའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་དུད་ལ་ས་བོན་དང་། མ་ཕྱུགས། ཞིང་སྤྱོད་རྒྱུ་ཆ། ཞིང་འཕྲུལ་ཡོ་བྱད་བཅས་མཁོ་འདོན་བྱས་ནས་ཀྲུང་གོའི་ཐོན་འབབ་མཐོ་བའི་འདེབས་འཛུགས་དང་། བདེ་ཐང་གསོ་ཚགས། ཆུ་འདྲེན་དང་ཆུ་གྲོན་ཆུང་སོགས་ཀྱི་ལག་རྩལ་ཁྱབ་གདལ་བཏང་ནས་གྲོང་མིར་དབུལ་སྒྲོལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཐབས་བྱས་ཡོད།

    “ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་བརྒྱུད་རིམ་ལྡན་པའི་ངང་སྔོ་ཚལ་འདེབས་སྟངས་དང་། འབྲོག་ལས་གསོ་ཚགས། ཁྱིམ་ཚང་ཉ་ལས་སོགས་དེང་རབས་ཞིང་ལས་ལག་རྩལ་སློབ་ཀྱི་འདུག ཁོང་ཚོས་ད་དུང་ང་ལ་ཉ་རྫིང་བཟོ་བ་དང་བྱ་ཚང་སྐྲུན་རོགས་བྱས་བྱུང”ཞེས་ཨ་སི་ནཱ་ཁེ་ཁྲེ་ཡིས་གསར་འགོད་པར་བཤད་ཅིང་། ཁོ་མོ་ནི་རྣམ་གྲངས་ཁག་དང་པོར་བདམས་པའི་ཕྱུག་འགྱུར་སྣེ་ཁྲིད་པ་55ཡི་གྲས་ཤིག་ཡིན་པ་རེད།

    འབྱུང་འགྱུར་སྐོར་གླེང་སྐབས། ཨ་སི་ནཱ་ཁེ་ཁྲེ་ཡིས“སྒོ་རའི་ནང་བྱ་ཕྲུག་100ཙམ་གསོ་རྩིས་ཡོད། དེ་ལྟར་བྱུང་ན་ནང་མིར་ཉིན་ལྟར་སྒོ་ང་ཟ་རྒྱུ་ཡོད་པ་མ་ཟད། བྱ་ཕྲུག་འཚར་རྗེས་ད་དུང་ཁྲོམ་རར་འཚོང་ཆོག ཀྲུང་གོའི་རིགས་གཅིག་མཁས་ཅན་ཟླ་རེར་གྲོང་ཚོར་ཡོང་ནས་ང་ཚོར་རོགས་རམ་བྱེད་ཀྱི་འདུག ཁོང་ཚོ་འདི་གར་མུ་མཐུད་སྡོད་རྒྱུའི་རེ་བ་ཡོད”ཅེས་བཤད།

    བསྡོམས་རྩིས་ལྟར་ན། ལོ་ཕྱེད་རིང་ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་གྲོང་ཚོ་དེར་གྲོ་སོན་ཏུན་3དང་། མ་རྨོས་ལོ་ཏོག་གི་སོན་སྟོང་ཁེ་120 ཐེ་ཧྥུའུ་སོན་སྟོང་ཁེ་120 སྔོ་ཚལ་གྱི་སོན་སྣ་9 ལུད་ཏུན་5བཅས་མཁོ་འདོན་བྱས་པ་དང་ཆབས་ཅིག་ཉ་རྫིང་3དྲུས་པ་དང་བ་ཚང་1གསར་དུ་བསྐྲུན་ཡོད་པ་རེད། གཞན་ཡང་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་ལག་རྩལ་གསོ་སྦྱོང་དང་ས་ཡུལ་དངོས་སུ་མཛུབ་ཁྲིད་བྱས་ནས་གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱས་པས། ཞིང་པའི་ཐོན་སྐྱེད་རྩལ་ནུས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད།

    ཕྱུག་འགྱུར་སྣེ་ཁྲིད་པའི་ཁྱིམ་ཚང་གཞན་ཞིག་སྟེ་ཨཱ་པུའུ·ནེ་ཅཱ་ཧྲིའི་ཁྱིམ་དུ་གསར་འགོད་པས་བསྡུས་མ་ཐག་པའི་མ་རྨོས་ལོ་ཏོག་གི་རྡོག་པོ་ཆེན་པོ་ཡོད་པ་མཐོང་བྱུང་། “ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ང་ཚོར་ས་བོན་དང་ལུད་སྤུས་ལེགས་མཁོ་འདོན་བྱས་པས་སྔོན་ཆད་དང་བསྡུར་ན་ང་ཚོའི་ཐོན་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་སོང་”ཞེས་བཤད།

    ཀོ་ཏི་ནུའོ་གྲོང་ཚོའི་འགན་འཁུར་བ་ཨཱ་སེ་ཧྥ·ཀུ་ཏི་སཱ་ཡིས། ད་ལོ་གྲོང་ཚོའི་གྲོ་ཡི་ཐོན་འབབ་སྤྱི་ཆིང་རེ་ནས་ ཏུན་4.2ནས་ཏུན་7ཙམ་མང་ཏུ་ཕྱིན་པས། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་རོགས་སྐྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བཤད།

    མིག་སྔའི་བར། དཔེ་སྟོན་གྲོང་ཚོ་དེར་དུས་ཐེངས་དང་པོའི་དཔེ་སྟོན་དུད་ཚང་55བདམས་ཟིན་ཞིང་། ཡུལ་མི་དེའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཅུང་ཆེན་པོ་ཡོད། སྔོན་དཔག་ལྟར་ན་ལོ་གསུམ་ནང་། ཕྱུག་འགྱུར་སྣེ་ཁྲིད་པ་རེས་གསར་དུ་འཕེལ་རྒྱས་ཕྱིན་པའི་དུད་ཚང་གསུམ་རེ་སྐུལ་ཁྲིད་བྱས་ཏེ། ཁྱོན་ཞིང་དུད་200ལྷག་ཙམ་དབུལ་སྒྲོལ་ཐུབ་པར་བྱས་ནས། འབྲུ་རིགས་རང་ཁ་རང་གསོ་བྱེད་ཚད་དང་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་འགྲོ་རྒྱུ་ཡིན་པ་རེད།

    ཕྱུགས་རིགས་གསོ་ཚགས་ལ་མཛུབ་ཁྲིད་དང་འབྲས་བུ་ཤིང་གི་སྡོང་ཕྲུག་འཛུགས་སྟངས་སློབ་པ་ནས། ཤ་མོ་འདེབས་སྟངས་ཁྱབ་གདལ་དང་ཞིང་དུད་ལ་ས་ཞིང་འདེབས་སྟངས་དང་ལུད་རྒྱག་སྟངས་སོགས་དམར་ཁྲིད་བྱེད་པའི་བར་གྱི་ལས་ཀ་ཚང་མར་ཀྲུང་གོའི་རིགས་གཅིག་མཁས་ཅན་དངོས་སུ་ཞུགས་ཀྱི་ཡོད། ཀུ་ཏི་སཱ་ཡིས“ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་ཡུལ་མི་ཚོ་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱེད་ཀྱི་ཡོད་པས། ང་ཚོས་སྔ་ས་ནས་ཁོང་ཚོ་གྲོང་མིའི་གྲས་སུ་བརྩི་ཡི་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ཨེ་ཏི་སི་ཨ་པ་པ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།