དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ཁྲོམ་རས་ང་ཚོར་གསར་གཏོད་མདུན་སྐྱོད་རྒྱུན་ཆད་མེད་པ་བྱེད་པར་ལྕག་སྐུལ་བྱས་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ལི་ཡན། ལི་ཤིན་དབྱི།   |     སྤེལ་དུས།  2025-12-14

    “ཀྲུང་གོའི་ཁྲོམ་རར་ཕུན་སུམ་ཚོགས་པའི་ཉེར་སྤྱོད་བྱ་ཡུལ་དང་། ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་གསར་གཏོད་ཁོར་ཡུག ཐོན་སྐྱེད་ནུས་ཤུགས་དང་མཁོ་སྤྲོད་འཁོར་འབྲེལ་གྱི་འདེགས་སྐྱོར་ཆེན་པོ་བཅས་ཡོད”ཅེས་པེ་ཨེར་ལོ་ཏོག་ཚན་རིག་ཀྲུང་ཧྭ་ཆེན་པོ་ཁུལ་གྱི་སྤྱི་ཁྱབ་ཅིང་ལི་ཧུའུ་མོང་དབྱིང་གིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་ཅིང་། ཁོང་གིས“ཀྲུང་གོ་ནི་པེ་ཨེར་ལོ་ཏོག་ཚན་རིག་གི་གོ་ལ་ཧྲིལ་པོའི་འགག་རྩའི་ཁྲོམ་རའི་གྲས་ཤིག་ཡིན” ཞེས་བརྗོད།

    པེ་ཨེར་ལོ་ཏོག་ཚན་རིག་ནི་འཇར་མན་པེ་ཨེར་ཚོགས་པའི་མངའ་འོག་གི་ཁེ་ལས་ཤིག་ཡིན་པ་དང་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་60ལྷག་ཙམ་སོང་ཡོད། ཧུའུ་མོང་དབྱིང་གིས“ཀྲུང་གོའི་ཁྲོམ་རས་ང་ཚོར་གསར་གཏོད་མདུན་སྐྱོད་རྒྱུན་ཆད་མེད་པ་བྱེད་པར་ལྕག་སྐུལ་བྱས་བྱུང”ཀྲུང་གོས་སྐྱེ་དངོས་སོན་གསོ་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་བ་དང་། རྩི་ཤིང་སྲུང་སྐྱོང་གསར་གཏོད་ཐད་རྒྱུན་མཐུད་ཚད་བརྒལ་ཡོང་ཐབས་བྱས་ནས། གྲངས་འཛིན་ཅན་གྱི་ལག་རྩལ་དང་ཞིང་ལས་མཉམ་འདྲེས་གཏིང་ཟབ་བྱས་ཡོད་ཅེས་བརྗོད།

    པེ་ཨེར་ཚོགས་པ་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་ལ་བསྟུད་མར་ཞུགས་ཡོད་ཅིང་། ད་ལོའི་ནང་འདྲེན་འགྲེམས་ཚོགས་ཐོག་བཀྲག་མདངས་ཆེ་བའི་གསར་གཏོད་འགྲེམས་རྫས་ཁག་26ཁྱེར་ཡོད་པ་དང་འཐབ་ཇུས་ཀྱི་གན་རྒྱ་ཁག་10ལྷག་ཙམ་བཞག་པའི་ནང་། པེ་ཨེར་ལོ་ཏོག་ཚན་རིག་གིས“ཀྲུང་གོའི་འགྲེམས་སྟོན་ཐོག་མ”7དང“ནང་འདྲེན་འགྲེམས་ཚོགས་ཀྱི་འགྲེམས་སྟོན་ཐོག་མ”8ཁྱབ་བསྒྲགས་བྱས་པ་དང་འབྲེལ། སྤུས་རྟགས་གསར་པ་གཉིས་ཡོངས་བསྒྲགས་ཀྱང་བྱས་ཡོད།

    ད་ལོའི་ལོ་འགོར་པེ་ཨེར་ལོ་ཏོག་ཚན་རིག་ཧང་ཀྲོའུ་ཡི་མཁོ་སྤྲོད་ལྟེ་གནས་གསར་པ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་ཐོན་རྫས་ཀྲུང་གོ་དང་ཨེ་ཤེ་ཡའི་ཁྲོམ་ར་གཞན་དག་ལ་མཁོ་འདོན་བྱེད་ཀྱི་ཡོད། ཧུའུ་མོང་ཡིང་གིས“ང་ཚོས་མཉམ་ལས་གཏིང་ཟབ་དང་ལེགས་ཆ་གསབ་རེས་བྱས་པ་བརྒྱུད། སྤུས་ལེགས་ཞིང་ལས་ཐོན་རྫས་དང་ལག་རྩལ་དེ་བས་མང་བས་ཀྲུང་གོའི་ཞིང་དུད་ལ་ཕན་པ་སྐྲུན་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་ཡོད། “དེ་ཐོག་ནས་ཀྲུང་གོས་ཞིང་ལས་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། པེ་ཨེར་ལོ་ཏོག་ཚན་རིག་གིས་ཀྲུང་གོའི་ཁྲོམ་ར་ཚན་རིག་དང་མཐུན་པའི་ངང་གཉེར་སྐྱོང་གཏིང་ཟབ་བྱེད་པའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་པ་མངོན་ཡོད”ཅེས་ཧུའུ་མོང་ཡིང་གིས་བརྗོད་པ་དང་། ཁོང་གིས། ས་གནས་དེ་གའི་ཁེ་ལས་དང་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་ཏེ་མཉམ་ལས་གཉིས་ཕན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།