དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བཅུ་གཅིག་པའི་བར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་15.36སྤར་བ།

    དངུལ་བུན་གྱི་སྐྱེད་ཚད་ལོ་རྒྱུས་ཀྱི་དམའ་ཤོས་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-12-14

    ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་15.36སྤར་ཡོད། ཟླ་11པའི་ཟླ་མཇུག་བར། རང་རྒྱལ་གྱི་དངུལ་ལོར་དང་ཕྱི་དངུལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་274.84ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་། མི་དམངས་ཤོག་སྒོར་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་271ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ཡོད།

    ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར་ཁྲི་15.36སྤར་ཡོད། ཟླ་11པའི་ཟླ་མཇུག་བར། རང་རྒྱལ་གྱི་དངུལ་ལོར་དང་ཕྱི་དངུལ་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་274.84ཟིན་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་། མི་དམངས་ཤོག་སྒོར་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་271ཟིན་པ་དེ་དུས་མཚུངས་ལས་6.4%འཕར་ཡོད།

    ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་ཁྱབ་ཆེའི་དངུལ་ལོར་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྲངས་འབོར་འཕར་ཚད་ཚང་མ་ཆུ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་11པའི་ཟླ་མཇུག་བར། ཁྱབ་ཆེའི་དངུལ་ལོར་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་336.99ཟིན་པ་དེ་དུས་མཚུངས་ལས་8.0%འཕར་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྲངས་འབོར་གསོག་ཚད་སྒོར་དུང་ཕྱུར་ཁྲི་440.07ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྲངས་འབོར་འཕར་ཚད་སྒོར་དུང་ཕྱུར་ཁྲི་33.39ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི་3.99མང་དུ་ཕྱིན་ཡོད།

    དངུལ་བུན་གྱི་གྲངས་འབོར་ལུགས་མཐུན་ངང་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་དུས་མཚུངས། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཡོད། ཟླ་11པའི་ཟླ་མཇུག་བར། ཀུན་ཕན་དངུལ་བུན་ཆུང་གྲས་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་35.88ཟིན་པ་དེ་དུས་མཚུངས་ལས་11.4%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་14.94ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཡོད། གོང་གི་དངུལ་བུན་གྱི་འཕར་ཚད་ཚང་མ་དུས་མཚུངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་མཐོ་བ་ཡོད།

    གཞན་ཡང་། དངུལ་བུན་གྱི་སྐྱེད་ཚད་ལོ་རྒྱུས་ཀྱི་དམའ་ཤོས་རྒྱུན་འཁྱོངས་ཐུབ་ཡོད། ཟླ་11པར་ཁེ་ལས་ལ་གསར་དུ་བཏང་བའི་དངུལ་བུན(རང་རྒྱལ་གྱི་དངུལ་ལོར་དང་ཕྱི་དངུལ)གྱི་དབང་སྣོན་ཆ་སྙོམས་སྐྱེད་ཚད་ཧ་ལམ་3.1%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་30ཙམ་གྱིས་དམའ་བ་ཡོད་པ་དང་། མི་སྒེར་གྱི་སྡོད་ཁང་ལ་གསར་དུ་བཏང་བའི་དངུལ་བུན(རང་རྒྱལ་གྱི་དངུལ་ལོར་དང་ཕྱི་དངུལ)གྱི་དབང་སྣོན་ཆ་སྙོམས་སྐྱེད་ཚད་ཧ་ལམ་3.1%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་གཞི་གནས་3ཙམ་གྱིས་དམའ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།