ཟླ་བཅུ་གཅིག་པའི་CPIདུས་མཚུངས་ལས་0.7%འཕར་བ།
འཕར་ཚད་ནི་2024ལོའི་ཟླ་3པ་ཚུན་གྱི་མཐོ་ཤོས་ཡིན་པ།
ཚེས་10ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་11པའི་ཟོག་གོང་འཁོར་སྐྱོད་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་ཤིང་། ཟླ་11པར། གྲོང་མིའི་འཛད་སྤྱོད་རྒྱུན་མཐུད་སླར་གསོ་བྱུང་བ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)དུས་མཚུངས་ལས་0.7%འཕར་ནས། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.5ཡིས་མཐོ་རུ་ཕྱིན་ཏེ་2024ལོའི་ཟླ་3པ་ཚུན་གྱི་མཐོ་ཤོས་ཡིན་པ་དང་། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་པའི་ལྟེ་བའི་CPIདུས་མཚུངས་ལས་1.2%འཕར་ཡོད། རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་མཁོ་སྤྲོད་གྲུབ་ཆ་ལེགས་སུ་ཕྱིན་པ་དང་རྒྱལ་སྤྱིའི་འབོར་ཆེའི་ཚོང་ཟོག་རིན་གོང་གི་བརྒྱུད་འདྲེན་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པས། བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་ཐོན་རིན་གོང་གི་སྟོན་གྲངས(PPI)ཟླ་བ་གོང་མ་ལས་0.1%འཕར་བ་དང་ཟླ་གཉིས་བསྟུད་མར་ཟླ་བ་གོང་མ་ལས་འཕར་ཏེ་དུས་མཚུངས་ལས་2.2%ཆག་ཡོད་པ་རེད།
CPIདུས་མཚུངས་ལས་འཕར་ཚད་མཐོ་རུ་ཕྱིན་ཞིང་། དེ་ཡང་གཙོ་བོ་བཟའ་བཅའི་རིན་གོང་ཆག་པ་ནས་འཕར་བའི་སྐུལ་ཁྲིད་ཐེབས་པས་རེད། བཟའ་བཅའི་རིན་གོང་ཟླ་བ་གོང་མར་2.9%ཆག་པ་ནས་0.2%འཕར་བ་དེས་CPIཡི་དུས་མཚུངས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཟླ་བ་གོང་མར་བརྒྱ་ཆའི་གྲངས་0.54མར་ཆག་པ་ནས་བརྒྱ་ཆའི་གྲངས་0.04ཡར་འཕར་ཡོད།
ཟླ་11པའི་PPIཡི་ཟླ་གོང་མའི་དུས་མཚུངས་འཁོར་སྐྱོད་ཀྱི་ཁྱད་ཆོས་གཙོ་བོ་ནི། གཅིག་ནས་རྒྱལ་ནང་གི་ལས་རིགས་ཁག་གཅིག་གི་དགོས་མཁོ་དུས་ཚིགས་རང་བཞིན་གྱིས་འཕར་བ་དེས་དེའི་རིན་གོང་འཕར་བར་སྐུལ་ཁྲིད་བྱས་པ་དེ་རེད། ས་གནས་ཁག་གི“དགུན་གློག་སྙོམ་སྒྲིག”བྱེད་འགོ་ཚུགས་པས། རྡོ་སོལ་དང་སོལ་རླངས་ཀྱི་དགོས་མཁོ་དུས་ཚིགས་རང་བཞིན་གྱིས་ཆེ་རུ་ཕྱིན་པ་དང་། རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་ཀྱི་རིན་གོང་ཟླ་བ་གོང་མའི་དུས་མཚུངས་ལས་4.1%འཕར་བ། རྡོ་སོལ་ལས་སྣོན་གྱི་རིན་གོང་3.4%འཕར་བ། སོལ་རླངས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་རིན་གོང་0.7%འཕར་ཡོད། གཉིས་ནས་ནང་འདྲེན་རང་བཞིན་གྱི་རྒྱུ་རྐྱེན་གྱིས་རྒྱལ་ནང་གི་མདོག་ལྡན་ལྕགས་རིགས་དང་རྡོ་སྣུམ་གྱི་འབྲེལ་ཡོད་ལས་རིགས་ཀྱི་རིན་གོང་འཕེལ་ཕྱོགས་ཁ་ཐོར་དུ་འགྲོ་བར་ཤུགས་རྐྱེན་ཐེབས་ཡོད།
ཟླ་11པརPPIདུས་མཚུངས་ལས་2.2%ཆག་ནས་ཆག་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.1གིས་མཐོ་རུ་ཕྱིན་པ་དེ་གཙོ་བོ་ལོ་གོང་མའི་དུས་མཚུངས་བསྡུར་ཚད་ཀྱི་གཞི་གྲངས་མཐོ་རུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ཡོད། ཕྱོགས་བསྡུས་བཅོས་སྐྱོང“ནང་འདྲིལ་རྣམ་པའི”འགྲན་རྩོད་ཀྱི་ཕན་འབྲས་མངོན་པ་དང་། འབྲེལ་ཡོད་ལས་རིགས་ཀྱི་རིན་གོང་དུས་མཚུངས་ལས་ཆག་ཚད་ཇེ་དམའ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།