དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • AIའཕྲུལ་མི་ཚོད་ལྟ་ཁང་གི“གཙོ་ཤུགས་དམག”ཏུ་གྱུར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཀྲོའུ་ཁྲང་།   |     སྤེལ་དུས།  2025-12-14

    རྫས་འགྱུར་ཚོད་ལྟས་སྲོལ་རྒྱུན་གྱི“ཚོད་ནོར་བྱེད་ཐབས”དོར་ནས་དངོས་པོ་གསར་པ་བཟོ་བའི་དུས་འཁོར་རིང་བ་དང་མ་གནས་མཐོ་བའི་དཀའ་གནད་ཐག་གཅོད་ཇི་ལྟར་བྱེད་དགོས་སམ། ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་གནད་སྨིན་རིག་ནུས་རྫས་འགྱུར་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་དུ་དཔེ་དབྱིབས་ཆེན་པོ་ཚན་ཞིབ་ཀྱི“རིམ་འདས་ལས་རོགས”སུ་གྱུར་པ་དང་། AIའཕྲུལ་མི་ཚོད་ལྟ་ཁང་གི“གཙོ་ཤུགས་དམག”ཏུ་གྱུར་ཡོད། ཚོད་ལྟའི་ཇུས་གཞི་རང་བརྟེན་ཇུས་འགོད་བྱེད་པ་དང་ཆུ་ཚོད་24ཡི་རིང་རྒྱུན་ཆད་མེད་པར་ཚོད་ལྟ་བྱེད་པའི་རིག་ནུས་ཚན་ཞིབ་རྨང་གཞིའི་སྒྲིག་བཀོད་ཡིན་པའི“རིག་ནུས་ཚན་རིག་མཁས་ཅན”འདི་ཉིད་མི་ཐབས་རིག་ནུས་ཀྱིས་ཚན་ཞིབ་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་འཐུས་ཚབ་ཀྱི་གྲས་ཤིག་ཏུ་འགྱུར་བཞིན་ཡོད།

    གནད་སྨིན་རིག་ནུས་རྫས་འགྱུར་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་གི་ཁྱབ་ཚུལ་རྣམ་པའི་ཚོད་ལྟ་ཁང་19ཡི་ཁྲོད“རིག་ནུས་ཚན་རིག་མཁས་ཅན”དེ་འདྲ་ཁག་110ཡོད་ཅིང་། དེ་དག་གིས་རང་བརྟེན་ཚོད་ལྟ་བྱས་པ་བརྒྱུད། ཚོད་རྫས་བཀོད་སྒྲིག་དང་། མ་དཔེ་འདྲེས་སྦྱོར། གཤིས་ནུས་ཁྱད་རྟགས་སོགས་བཀོལ་སྤྱོད་རབ་དང་རིམ་པ་གནད་སྨིན་ལེགས་གྲུབ་བྱས་ནས། ཚོད་ལྟའི་གཞི་གྲངས་དུས་ཐོག་དུས་མཉམ་ངང་རིག་ནུས་བཀོལ་སྤྱོད་མ་ལག་ནང་འབྱོར་ཐུབ།

    “རིག་ནུས་ཚན་རིག་མཁས་ཅན”དེ་དག་གིས་ཆུ་ཚོད་24ཚོད་ལྟ་བྱེད་ཐུབ་པ་ཕུད། ད་དུང་དཔྱད་རྩོམ་ལྟ་བ་དང་། ཇུས་གཞིར་བསམ་བློ་གཏོང་བ། ཐ་ན་ཉམས་མྱོང་སློབ་སྦྱོང་བཅས་བྱེད་ཐུབ་ཀྱི་ཡོད།

    “རིག་ནུས་ཀླད་པ”འདི་བཟོ་པར་ལས་སླ་པོ་ཞིག་གཏན་ནས་མིན། དང་ཐོག་དེ་ནི་ཚན་ཞིབ་ཚོགས་པས་རྫས་འགྱུར་གྱི་གནད་དོན་ཐག་གཅོད་བྱ་ཆེད་ཇུས་འགོད་བྱས་པའི་མི་ཐབས་རིག་ནུས་ལས་སྟེགས་ཤིག་རེད།

    ཚོགས་པས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ“གྲོག་མས་ཚང་སྤོ་བ”ལྟར་སློབ་དེབ་དང་། དཔྱད་རྩོམ། ཁེ་བེད་བདག་ཐོབ་བཅས་ཀྱི་ཁྲོད་ནས་རྫས་འགྱུར་གྱི་གཞི་གྲངས་ཁྲི་བརྒྱ་ལེགས་སྒྲིག་བྱས་པ་དང་ཆབས་ཅིག སློབ་གྲྭ་དེ་གའི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་ཞིབ་འཇུག་ཉམས་མྱོང་རྩིས་འཁོར་ནང་བླུགས་ཏེ“རིག་ནུས་ཀླད་པར”དེ་བས་རྙོག་འཛིང་ཆེ་བའི་རྫས་འགྱུར་ཤེས་བྱ་རྒྱུས་ལོན་བྱེད་དུ་བཅུག་ཡོད།

    2021ལོར་འཕྲུལ་མི་རྫས་འགྱུར་མཁས་ཅན“ཞའོ་ལའེ”དངོས་སུ་ཐོན་ཞིང་། དེའི་ནང་སྒུལ་བདེའི་འཕྲུལ་མི་2དང་། རིག་ནུས་རྫས་འགྱུར་ལས་དོན་ས་ཚིགས་དང་བརྒྱུད་འབོར་མཐོ་བའི་རྩིས་རྒྱག་མ་ལག་19བཅས་འདུས་ཡོད་པས། ཉིན་རེར་གནད་སྨིན་བཀོལ་སྤྱོད་ཐེངས་2000ལེགས་གྲུབ་ཐུབ་སྟེ་ཚན་ཞིབ་མཁས་ཅན་ལྔ་དྲུག་གི་ལས་ཕྱོད་དང་འདྲ་པོ་ཡོང་གི་ཡོད།

    མིག་དམར་གྱི་དབྱང་བཟོ་ཕབ་རྩི་ཞིབ་སྤེལ་བྱ་ཆེད། “ཞའོ་ལའེ”ཡིས་འབྲེལ་ཡོད་རྫས་འགྱུར་དཔྱད་རྩོམ་ཁྲི་5ལྷག་ཙམ་སློབ་སྦྱོང་བྱས་པ་དང་། སྡེབ་སྦྱོར་མཉམ་སྒྲིག་རིགས་ཁྲི་376ལ་མིའི་རིགས་ཀྱི་ཚན་ཞིབ་ཚོགས་པས་ལོ་ངོ་2000རིང་ཚོད་ལྟ་བྱས་ནས་ར་སྤྲོད་བྱེད་དགོས། འོན་ཀྱང“ཞའོ་ལའེ”ཡིས“རིག་ནུས་ཀླད་པར” བརྟེན་ནས་གཟའ་འཁོར་དྲུག་རིང་སྡེབ་སྦྱོར་ཡག་ཤོས་དེ་རྙེད་ཡོད།

    “མི་ཐབས་རིག་ནུས་+”ཀྱིས་ཚན་ཞིབ་གསར་གཏོད་ལ་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་གསར་པ་མཐོང་རྗེས། ཚན་ཞིབ་ཚོགས་པས“ཞའོ་ལའེ”ལ་འཕྲུལ་ཆས་ལག་རོགས་བཟོས་པ་མ་ཟད། གྲུབ་ཚུལ་རྣམ་པའི་དཔེ་དབྱིབས་ཆེན་པོ་མང་པོ་ཞིག་ཀྱང་སྦྲེལ་མཐུད་བྱས་ཡོད། “ཀླད་པ”དང“ལག་རོགས”ལྡན་པའི་རབས་གཉིས་པའི་འཕྲུལ་མི་རྫས་འགྱུར་མཁས་ཅན་དུ་ལེགས་སྒྱུར་བྱས་རྗེས་ཀྱི་མིང་ལ“ཞའོ་ལིན”ཞེས་བཏགས།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོའི་ནང“ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་བྱེད་མགྱོགས་སུ་བཏང་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱེད་དགོས་པ”ཆེད་དོན་བཀོད་སྒྲིག་བྱས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་གནད་སྨིན་རིག་ནུས་རྫས་འགྱུར་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་དུ་འཐབ་ཇུས་བཀོད་སྒྲིག་དེ་ལག་ལེན་དངོས་སུ་འགྱུར་བཞིན་ཡོད།

    མིག་སྔར་ཚན་ཞིབ་ཚོགས་པས་རིམ་འཇུག་ཐེངས་གསུམ་པ་བྱས་ནས་ཁྱབ་ཁོངས་དེ་བས་མང་བའི་ཚན་རིག་ཤེས་བྱ“རིག་ནུས་ཀླད་པར”བསླབས་ཏེ“འཕྲུལ་མི་རྫས་འགྱུར་མཁས་ཅན”སྔར་བས་རིམ་སྤོར་ཡོང་བར་བྱས་ནས་རིག་ཚན་ཁྱབ་ཁོངས་དེ་བས་མང་པོར་བྱང་ཆུབ་པའི“རིག་ནུས་ཚན་རིག་མཁས་ཅན”ཞིག་ཏུ་འགྱུར་བར་བྱེད་བཞིན་ཡོད།

    2024ལོར“རིག་ནུས་ཚན་རིག་མཁས་ཅན”གྱིས་འཕྲུལ་ཆས་ཀྱི་ལྟ་ཀློག་དང་འཕྲུལ་ཆས་ཀྱི་ཚོད་ལྟ་བརྒྱུད། མཚན་འགྱུར་དྲོད་འགོག་འབར་འགོག་རྒྱུ་ཆ་གསར་གཏོད་བྱས་ཏེ་ནུས་རྒྱུ་གསར་པའི་གློག་རྫས་དང་། མེ་ཟོན་གྱོན་ཆས་ཐད་སྤྱོད་པར་དྲོད་ཚད་མཐོ་པོ་ཐེག་ཐུབ་པ་མ་ཟད། རྒྱབ་ངོས་ཀྱི་དྲོད་ཚད་དེ་བདེ་འཇགས་ཁྱབ་ཁོངས་ནང་ཚུན་དུ་གནས་ཐུབ། གྲུབ་འབྲས་དེ་2025ལོར་འབོར་ཐོན་ཅན་གྱི་ཚད་ལེན་ཚོད་ལྟ་དང་ཐོན་ལས་ཀྱི་ར་སྤྲོད་བརྒྱུད་མིག་སྔར་ཐོན་ལས་ཁྲོད་བེད་སྤྱོད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།