དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཁྲིམས་འཛིན་འདྲི་གཅོད་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་འདེགས་སྐྱོར་དང་ཞབས་འདེགས་ཞུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-14

    ཉེ་ཆར། གསར་འགོད་པས“སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བའི་ཁྲིམས་འཛིན་འདྲི་གཅོད་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་འདེགས་སྐྱོར་དང་ཞབས་འདེགས་ཞུས་པའི་ཕན་འབྲས”ཞེས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་གནས་སུ་བཞག་སྟེ། དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་སྣ་ཚོགས་62816བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་51909འདྲི་གཅོད་ཐག་གཅོད་བྱས་པ་དེ་དུས་མཚུངས་ལས་34.11%དང་38.39%འཕར་ཞིང་། གྱོད་གཞི་ཐག་བཅད་པའི་དམིགས་རྟེན་དངུལ་འབོར་སྒོར་དུང་ཕྱུར་34.45ཟིན་ཡོད། དེའི་ནང་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་29411བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁག་23297འདྲི་གཅོད་ཐག་གཅོད་བྱས་པ། གྱོད་གཞི་ཞིབ་གཅོད་ཀྱི་དུས་འཁོར་ཉིན་63ཡིན་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། འདྲི་གཅོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་མ་གནས་དམའ་རུ་གཏོང་ཆེད།ལྗོངས་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞིའི“ཤར་སྐྱོད་འགྲོ་ལམ”ཡོངས་ཁྱབ་ཏུ་བཏོད་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་མགྱོགས་མྱུར་ཐོ་འགོད་དང་། མགྱོགས་མྱུར་འདྲི་གཅོད། མགྱོགས་མྱུར་ལག་བསྟར་བཅས་བྱས་པ་དང་། དྲ་ཐོག་གྱོད་དོན་ཐོ་འགོད་དང་གློག་རྡུལ་སྐྱེལ་སྤྲོད་སོགས་དྲ་ཐོག་གི་གཏུག་བཤེར་ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ད་ལོ་དྲ་ཐོག་ཏུ་གྱོད་གཞི་14797ཐོ་འགོད་བྱས་པ་དང་། ཞུ་གཏུག་དང་འབྲེལ་བ་ཡོད་པའི་ཡི་གེ་575137གློག་རྡུལ་སྐྱེལ་སྤྲོད་བྱས་པ་ལས་331061སྐྱེལ་སྤྲོད་ཐུབ་ནས་ཁེ་ལས་ཀྱི་གཏུག་བཤེར་མ་གནས་ཆེས་ཆེར་གྲོན་ཆུང་ཐུབ་ཡོད། 《“ཁག་བགོས་འདུམ་གཅོད་འདྲི་གཅོད”ལམ་སྲོལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་པ་བརྒྱུད། འདྲི་གཅོད་བརྒྱུད་རིམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ལྷ་ས་དང་། གཞིས་རྩེ། ཆབ་མདོ་སོགས་ས་གནས་ཀྱི་ཁྲིམས་ཁང་གིས་ཁག་བགོས་ཚད་གཞི་གཏན་འཁེལ་བྱས་ནས་ཁྲིད་སྟོན་བྱེད་པ་དང་མྱུར་གཅོད་ཚོགས་པ་བཙུགས་ཏེ། སྟབས་བདེའི་གྱོད་གཞི་འབོར་ཆེན་ཞིག་ཞིབ་གཅོད་དུས་ཡུན་ཉིན་46ནང་ཚོད་འཛིན་ནན་པོ་བྱས་ཡོད།

    གཉེར་སྐྱོང་བྱེད་པོའི་ཞུ་གཏུག་ལ་རྒྱལ་ཁ་ཐོབ་པའི་ཁེ་དབང་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱེད་ཆེད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་བདེ་དང་། སྡོད་ཁང་འཛུགས་སྐྲུན། མི་སྤྱི། ཁྲོམ་ར་ལྟ་འདོམས་སོགས་སྡེ་ཚན་37དང་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་། “སྣོལ་སྡེབ་ལག་བསྟར”དང“ལག་བསྟར་བརྒྱུད་རིམ་མཇུག་སྒྲིལ་རྗེས་བྱ་ཐབས་སྣ་ཚོགས་སྤྱད་ནས་ལག་བསྟར་བྱ་མིར་འོས་འགན་ལེགས་གྲུབ་བྱེད་དུ་འཇུག་པའི”ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། ད་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་སྣོལ་སྡེབ་ལག་བསྟར་གྱོད་གཞི་གསར་པ་933དང་ལེན་བྱས་པ་དང་ལག་བསྟར་བྱས་པའི་དོན་འཁྱོལ་དངུལ་གྲངས་སྒོར་ཁྲི་3317.14ཟིན་པ་དང་། གྱོད་གཞི་4357ཞིབ་བཤེར་བྱས་ནས་སླར་གསོ་བྱས་པ་དང་ལག་བསྟར་བྱས་པའི་དོན་འཁྱོལ་དངུལ་གྲངས་སྒོར་དུང་ཕྱུར་3.72ཟིན་པ། ཡུན་རིང་གསོག་ཐེབས་པའི་གྱོད་གཞི་ཁག་གཅིག་གཙང་བཤེར་བྱས་པ། ཁ་དན་ཚིག་ལ་མ་གནས་པའི་ལག་བསྟར་བྱ་མིའི་ཡིད་རྟོན་ཁས་ལེན་དང་སླར་གསོའི་ལམ་སྲོལ་བཙུགས་པ་དང་ད་ལོ་ཁ་དན་ཚིག་ལ་མ་གནས་པའི་མི་ཐེངས་4561གི་མིང་ཐོ་བཀག་བཅད་བྱས་པ་དང་། འཛད་སྤྱོད་མཐོ་བའི་ཚོད་འཛིན་མི་ཐེངས་3667མེད་པ་བཟོས་པ། ཁྲིམས་མིའམ་རྩ་འཛུགས་གཞན་དག་ཐེངས་810བཀག་བཅད་བྱས་ནས་ཁེ་ལས་འབྲིང་དང་ཕྲན་ཚེགས་ཁེ་ལས་810ཡི་ཡིད་རྟོན་སླར་གསོ་དང་ཁྲོམ་རར་བསྐྱར་དུ་ལོག་རྒྱུར་རོགས་རམ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།